ཚིག ཚེ་མགོན། དབྱངས། བདེ་སྐྱིད་སྒྲོལ་དཀར། ལེན་མཁན། གངས་བཞུགས།
ཇོ་མོ་གླང་མ་ང་ཡི་བླ་རི་ཡིན། ཡར་ཀླང་གཙང་པོ་ང་ཡི་ཁྲག་རྒྱུན་ཡིན། མདོ་དབུས་ཁམས་གསུམ་ང་ཡི་ཕ་ཡུལ་ཡིན། རྡོག་རྩ་གཅིག་སྒྲིལ་ང་ཡི་རེ་འབོད་ཡིན། མཐིང་སྨུག་སྦྲ་ཆུང་ང་ཡི་ཕ་ཁྱིམ་ཡིན། ངོ་གདོང་སྨུག་པོ་ང་ཡི་རུས་མདངས་ཡིན། བཅུ་ཕྲག་རིག་པ་སེམས་ཀྱི་ནོར་བུ་ཡིན། འཛམ་གླིང་ཞི་བདེ་ང་ཡི་སྨོན་འདུན་ཡིན། འདི་ནི་ཁ་བའི་གནས་མཆོག་ཡིན། འདི་ནི་གཙང་བོའི་འབྱུང་ཁུངས་ཡིན། འདི་ནི་ཁ་བའི་གནས་མཆོག་ཡིན། འདི་ནི་གཙང་བོའི་འབྱུང་ཁུངས་ཡིན། ཇོ་མོ་གླང་མ་ང་ཡི་བླ་རི་ཡིན། ཡར་ཀླང་གཙང་པོ་ང་ཡི་ཁྲག་རྒྱུན་ཡིན། མདོ་དབུས་ཁམས་གསུམ་ང་ཡི་ཕ་ཡུལ་ཡིན། རྡོག་རྩ་གཅིག་སྒྲིལ་ང་ཡི་རེ་འབོད་ཡིན། མཐིང་སྨུག་སྦྲ་ཆུང་ང་ཡི་ཕ་ཁྱིམ་ཡིན། ངོ་གདོང་སྨུག་པོ་ང་ཡི་རུས་མདངས་ཡིན། བཅུ་ཕྲག་རིག་པ་སེམས་ཀྱི་ནོར་བུ་ཡིན། འཛམ་གླིང་ཞི་བདེ་ང་ཡི་སྨོན་འདུན་ཡིན། འདི་ནི་ཉི་མའི་ཕ་ས་ཡིན། འདི་ནི་འཛམ་གླིང་གཙུག་རྒྱན་ཡིན། འདི་ནི་ཉི་མའི་ཕ་ས་ཡིན། འདི་ནི་འཛམ་གླིང་གཙུག་རྒྱན་ཡིན། འདི་ནི་གངས་རིའི་ཞིང་ཁམས་ཡིན། འདི་ནི་ང་ཡི་ཕ་ཡུལ་ཡིན། འདི་ནི་གངས་རིའི་ཞིང་ཁམས་ཡིན། འདི་ནི་ང་ཡི་ཕ་ཡུལ་ཡིན། འཛམ་གླིང་ཞི་བདེ་ང་ཡི་སྨོན་འདུན་ཡིན།
Write a comment
Comments: 0