༄།ཨ་ཕ་ལགས།

 

      ཨ་ཕ་ལགས། བྱམས་བརྩེ་ཆེ་བའི་པ་ཕ་ལགས། ཨ་མ་ཁྱེད་དང་བྲལ་བ་ནས། གྲིབ་ནག་གིས་འཇིགས་སྣང་བསྐུལ། ཨ་མའི་མ་ཎིའི་དབྱངས་རྟ་རེ་རེ། དཀོན་མཆོག་ལ་བཅོལ་བའི་རེ་འབོད་དང། ཁྱེད་ཉིད་དྲན་པའི་གདུང་དབྱངས་ཡིན།

     ཨ་ཕ་ལགས། ཁྱེད་ཀྱིས་གསན་ཨེ་བྱུང། ཁྱེད་རང་གང་དུ་ཕེབས། ཁྱེད་རང་གང་དུ་བཞུགས། མགྱོགས་པོ་ལོག་ཤོག ཨ་མའི་མིག་ཆུས་ཁྱེད་ལ་ཕེབས་བསུ་ཞུས་ཡོད།

     ཨ་ཕ་ལགས། བཀའ་དྲིན་ཆེ་བའི་ཨ་ཕ་ལགས། བུ་ཆུང་ཁྱེད་དང་བྲལ་བ་ནས། རི་སྤྱང་གིས་འཕྱ་སྨོད་བྱེད། བུ་ངའི་ཀི་བསྭཱུའི་དཔའ་སྐད་རེ། དགྲ་བོ་ལ་རྒོལ་བའི་སྙིང་སྟོབས་དང། ཁྱེད་ཉིད་དྲན་པའི་འབོད་སྒྲ་ཡིན།

     ཨ་ཕ་ལགས་ ཁྱེད་ཀྱིས་གསན་ཨེ་བྱུང། ཁྱེད་རང་གང་དུ་ཕེབས། ཁྱེད་རང་གང་དུ་བཞུགས། མགྱོགས་པོ་ལོག་ཤོག བུ་ཆུང་གི་ངུ་ངག་གིས་ཁྱེད་ལ་ཕེབས་བསུ་ཞུས་ཡོད།

     ཨ་ཕ་ལགས། ཁྱེད་རང་མ་ཕེབས་ན། ང་དང་ཨ་མའི་འཇིགས་སྣང་སུ་ཡིས་སེལ། ཨ་ཕ་ལགས། ཁྱེད་རང་མ་མཇལ་ན། ང་དང་ཨ་མའི་སྐྱོ་གདུང་ཇི་ལྟར་སངས།

     ཨ་ཕ་ལགས། ཁྱེད་ཀྱིས་གསན་ཨེ་བྱུང། མགྱོགས་པོ་ལོག་ཤོག ང་དང་ཨ་མའི་པང་ལ་ལོག་ཤོག །

 


༄།ངའི་བརྩེ་བའི་ཨ་ཕ།

 
     ཨ་ཕ་ལགས། ཁ་སང། ཁྱེད་ཀྱི་ཐུགས་སེམས་ལས། བྱམས་བརྩེ་ཡི་འོད་མདངས་འཕྲོས། ང་དང་ཨ་མའི་སེམས་པ་དྲོད་ལམ་ལམ། དྲོད་ལམ་ལམ་གྱི་སེམས་ཁོང་ན། ཁྱེད་ཀྱི་འཛུམ་པའི་མེ་ཏོག་བཞད།
     ཨ་ཕ་ལགས། དེ་རིང། ཁྱེད་ཀྱི་སྤྱན་ཟུང་ལས། དྲན་གདུང་གི་ཆར་བ་བབས། ང་དང་ཨ་མའི་སེམས་པ་གྲང་ཤུར་ཤུར། གྲང་ཤུར་ཤུར་གྱི་སེམས་ཁོང་ན། ཁྱེད་ཀྱི་སྤྱན་ཆབ་འཁྱགས་པས་བཟུང།
     ཨ་ཕ་ལགས། སང་ཉིན། ཁྱེད་ཀྱི་ཕྱག་ཟུང་ལ། དྲིན་ལན་གྱི་ཁ་བཏགས་འབུལ། ང་དང་ཨ་མའི་སེམས་པ་སྐྱོ་ལྷང་ལྷང། དྲོ་གྲང་མི་སྙོམ་པའི་སེམས་ཁོང་ནས། ང་ཚོའི་ལས་དབང་གི་རླུང་རྟ་འཕུར་ངེས། །  

 

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།