༄།འདྲེ་དཀར་པོ།


    ངའི་མིང་ལ་འདྲེ་དཀར་པོ་ཟེར། ང་འདྲེ་ཡིན་པས་ང་ཤ་ལ་དགའ་ཞིང་ཁྲག་ལ་མོས། ངའི་དྲོད་ཁོག་ལྟོགས་ན་སུ་ཡང་གསོད་ལ་སུ་ཡང་ཟ། ཡིན་ཡང་སུ་ཞིག་གིས་ང་ལ་རང་ལུས་སྦྱིན་ན། དེ་ཁོ་ན་ངའི་བཀུར་འོས་པའི་གཉེན་ཡིན།

    ང་མི་ལོ་གོ་དགུའི་རིང་ལ་རང་ལུས་སྦྱིན་མཁན་སུ་གཅིག་ལ་ཡང་ཐུག་མ་མྱོང༌། དེ་བས་འཇིག་རྟེན་འདིར་ང་ལ་བྱམས་པའི་གཉེན་སུ་ཡང་མེད་པར་བསམས། འོན་ཀྱང༌། ང་རང་ལོ་བརྒྱ་ལོན་པའི་དེ་རིང་ང་ལ་བརྩེ་བའི་གཉེན་ཞིག་ཐོབ།
    ངའི་གཉེན་དེས། ཁོ་རང་ངས་ཡིན་གཅིག་མིན་གཅིག་ལ་ཟ་དགོས་པའི་རེ་བ་བཏོན། དེ་བས་ངས་ཁོའི་རེ་བ་དོན་ཆེན་དུ་བརྩིས་ཏེ་བཟས་པ་ཡིན། ཁོང་གི་ཤ་ནི་ཞིམ་པ་ལ་ད་བར་དེ་འདྲའི་ཞིམ་པོ་ཟ་མྱོང་མེད།
    ངས་ནམ་ཡང་རེ་བ་བྱེད་པ་ནི་ང་ཤ་ལ་མི་དགའ་བ་ཞིག་ཏུ་འགྱུར་རྒྱུ་དང༌། ཡང་ན་ང་ཟས་ལ་བརྟེན་མི་དགོས་པའི་དྲི་ཟ་ལྟ་བུར་གྱུར་ན་བསམས། ངའི་རེ་བ་དེ་དཀོན་མཆོག་ལའང་ཡང་ཡང་ཞུ་གིན་ཡོད། འོན་ཀྱང་ངའི་རང་བཞིན་འདིར་འགྱུར་བ་སྤུ་ཙམ་ཡང་མ་སོང།
    ངའི་བཀྲེས་སྐོམ་གྱི་སྡུག་བསྔལ་འདི་གཞན་དག་གི་སྡུག་བསྔལ་གང་གིས་ཀྱང་མཚོན་ ཐབས་མེད་པ་ཞིག་རེད། ང་རང་སྡུག་བསྔལ་འདི་ལས་ཐར་ཙམ་རེ་བྱེད་རྒྱུ་དེ་ནི་ངས་ཁྱོད་ཀྱི་ཤ་ཁྲག་ཟ་འཐུང་ དགོས་པ་དེ་ཡིན། དེ་བས་ང་ལ་བཟོད་སྒོམ་གནང་རོགས། ང་ལ་སྙིང་རྗེ་གནང་རོགས། ང་ལ་ཤ་ཁྲག་གི་སྦྱིན་པ་གཏོང་རོགས།

    ཡིན་ཡང་ང་འདྲེ་དཀར་པོ་ཡིན། གལ་ཏེ་འདྲེ་ནག་པོ་ཡིན་ན་ལྟོ་དོན་མིན་པར་ཡང་ཚེ་སྲོག་གི་རོལ་རྩེད་བྱེད་ངེས་སོ། །

 

 

༄།ང་སུ་རེད།


ང་རང་མི་ཡུལ་གྱི་ལུང་པ་ཁུག་ཀྱོག་ཅིག་ཏུ་སྐྱེས་པ་ནས་ད་བར་མི་ལོ་ཉི་ཤུའི་རིང་ལ་རི་སྒང་གི་རི་ལམ་མང་པོ་ཞིག་བརྒྱུད་དེ་མཐར། ལུང་གསུམ་གྱི་བཞི་མདོ་འདིར་སླེབས། དེ་རིང་གཞི་ནས་ངས་ང་རང་གི་རྐང་ལམ་མེད་པ་ཤེས་ཤིང༌། གཞུང་ལམ་གང་དུ་འགྲོ་བའི་གདེང་ཚོད་མེད་པ་ཡང་ཚོར།

དེ་རིང་གཞི་ནས་ངས་ང་རང་སུ་ཡིན་པའི་བརྟག་དཔྱད་ཐེངས་དང་པོ་དེ་བཏང་བ་ཡིན། ངས་ད་བར་དུ་གཞན་དག་ལ་བརྟག་དཔྱད་བྱེད་པ་ལས་རང་ཉིད་ལ་བརྟགས་མ་མྱོང༌། དེ་ཡང་ངས་མི་མང་པོ་ཞིག་ལ་བརྟག་དཔྱད་བྱས་པ་བརྒྱུད་རིམ་བཞིན་ངས་ང་རང་ལ་ཡང་དཔྱད་པ་ཞིག་བྱེད་དགོས་པའི་ཚོར་རྟོག་བྱུང༌།  ངས་རང་ཉིད་ལ་བརྟག་གིན་བརྟག་གིན་ཡ་མཚར་སྐྱེས་པ་མ་ཟད་སྐབས་རེར་འཇིགས་སྣང་བྱུང༌། ངོ་མ་ངས་རང་ཉིད་ཅི་ཞིག་ཡིན་མིན་གྱི་དོགས་པ་ཐོག་མ་སྐྱེས།

ང་མི་ཡིན་ནམ། མི། ཡང་སྙིང་མི་ངོ་མ་ཡོད་དམ། 


༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།