༄།གྱི་ལིང།


བྱ་དང་བྱི་འུས་རྒུན་འབུ་བཏུས་ནས་རང་གི་ཚང་མལ་སྙེག་པའི་དུས།

ཐང་དཀར་རྒོད་པོས་བྲག་ཐེམ་བསྐྱུར་ནས་ཡངས་པའི་མཁའ་ལ་ལྡིང་སྐོར་རྒྱག

བྲག་རི་འཇིག་པའི་ཉེན་ཁ་མཐོང་ངམ་རང་དབང་མཁའ་མཐའ་འཚོལ་ལམ་ཅི།


ལགས་སོ་ལགས་སོ་རྒོད་པོའི་གཤོག་ཟུང་རང་ལུས་སྟོད་པའི་གསེར་ཁྲི་མིན།

ཡངས་པའི་གནམ་མཐའ་ཡུད་ཀྱིས་བསྐོར་ནས་བྲག་རིར་གསེར་གྱི་སྐ་རགས་འཆིང།

རི་སྐྱེས་རྣམས་ནི་རང་ཁ་གསོ་བཞིན་བཙན་པོའི་གནས་ཤིག་འཚོལ་བའི་དུས།

སེང་གེ་དཀར་མོས་གངས་རི་བཞག་ནས་ལྷོ་རྒྱལ་ནགས་མའི་རྒྱལ་ཁམས་འགྲིམས།

གངས་དཀར་ལྷུན་པོ་ཞི་ཉེན་མཐོང་ངམ་རང་རྩལ་ཡོད་ཚད་སྤྲུག་པའི་ཕྱིར།


ལགས་སོ་ལགས་སོ་གངས་སེང་ང་རོ་རང་སེམས་སྐྱོ་བའི་ངུ་ངག་མིན།

སྤྲིན་རུམ་གཡུ་འབྲུག་ས་ལ་གཡུགས་ཏེ་གངས་རིར་ཁ་བའི་མེ་ཏོག་མཆོད།

གཡང་དཀར་ནོར་གནག་དགུན་དཔྱིད་བར་ན་ཤི་མ་གསོན་དུ་ལུས་པའི་དུས།

གྱི་ལིང་རྐྱང་རྒོད་མགོ་འཕང་བསྟད་དེ་རྡུལ་ནག་འཚུབ་བེར་འཕུར་བ་འདི།

རྩྭ་ཐང་འཇིག་པའི་སྔ་ལྟས་མཐོང་ངམ་རིགས་མཐུན་ཁྱུ་ལམ་འཚོལ་བའི་ཕྱིར།


ལགས་སོ་ལགས་སོ་གྱི་ལིང་བང་རྩལ་རང་ཤེད་ངོམ་པའི་ཁེངས་རྩེད་མིན།

འཇིག་རྟེན་གཞན་གྱི་དབྱར་དཔལ་བསུས་ནས་འབྲི་མོའི་ནུ་རྩ་རྒྱས་བར་བྱེད། །

 

ཨཀྱཱ་རིན་པོ་ཆེ་ཚང་ལ་ཕུལ་བ།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།