༅།འཚོ་བ་དང་ང།

 

 

 

སྟག་སེང་རྒོད་ཀྱང་མཆེ་སྡེར་མེད་ན་གསོན་པའི་ཁ་ཟས་ཇི་ལྟར་རྙེད།

ལྕགས་གཟེར་གཟེངས་འདྲའི་སྤུ་ཚོགས་མེད་ན་རྒང་གིས་སྟག་སེང་ཇི་ལྟར་འགོག

འོན་ཀྱང་གཡག་རྒོད་མགོ་ཡི་རྭ་ཅོ་ཡོད་མེད་ཁྱད་མེད་རང་བྱུང་རྩྭ་ཆུས་ཅི་དགར་འཚོ།

 

མགོ་ནག་མི་ལ་ཅི་ཡང་མེད་མོད་བློ་རིག་ཉིད་ཀྱིས་ཀུན་ལས་རྒྱལ།

 

མདོར་ན་འགྲོ་བ་ཐམས་ཅད་རང་ཉིད་འཚོ་ལ་རང་གི་ཐུན་མིན་ཁྱད་ཆོས་རེ།

གཅིག་སྲོག་གཅིག་གིས་འཕྲོག་པ་འདི་ཡང་གཅིག་ཏུ་གནག་པའི་ཧམ་སྤྱོད་མིན། །

 

 

ང༌།

 

རྟ་ནོར་ལུག་གསུམ་རྨིག་རྗེས་བསྙེགས་དུས་ངུས།

ཀ་ཁའི་གླུ་དབྱངས་དགའ་བས་སྐྱོར་དུས་བགད།

ཕ་ས་དྲོན་མོ་རྒྱབ་ཀྱིས་དོར་སྐབས་འདིར།

དགའ་སྐྱོའི་སྣང་བ་སྙུག་རྩེའི་ཟློས་གར་ཉིད།

 

མི་ཚེའི་མྱོང་བྱང་མོད་ན་དབུལ་བོ་མིན།

 

ཐོབ་ཤོར་ཁྲི་སྟོང་ཁྲོད་ནས་མ་ཤོར་བ།

ཐོག་མའི་རང་ཉིད་ཡིན་པས་བློ་ཕམ་ཅི། །

 


༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།