མ་ཎི་གཅིག

 

མ་ཎི་གཅིག་འདོན་རོགས།

མ་ཎི་བཅུ་འདོན་རོགས།

མ་ཎི་བརྒྱ་དང་མ་ཎྀ་སྟོང།

མ་ཎི་ཁྲི་འབུམ་གསོལ་འདེབས་གཅིག

 

འདས་ཟིན་པའི་རྣམ་ཤེས་གྲངས་ལས་འདས།

བཞུར་བཞིན་པའི་ཁྲག་དྲོན་ཆད་པ་མེད།

 

དེ་བས།ཁྱོད་ཀྱི་མ་ཎི་རེ་རེ།

གདུང་སེམས་དང་སྙིང་རྗེ་ཚད་མེད།

བྱམས་བརྩེ་དང་སྨོན་ལམ་ལྷད་མེད།

དཔལ་འབར་གཅིག་སྒྲོན་རོགས།

དཔལ་འབར་བཅུ་སྒྲོན་རོགས།

དཔལ་འབར་བརྒྱ་དང་དཔལ་འབར་སྟོང།

དཔལ་འབར་ཁྲི་འབུམ་འོད་སྣང་གཅིག

 

ཡུན་རིང་འཐིབས་པའི་མུན་པ་གནག

ཆར་རླུང་དྲག་པོའི་བཙན་འཛུལ་རྩུབ།

 

དེ་བས།ཁྱོད་ཀྱི་དཔལ་འབར་རེ་རེ།

དྲང་བདེན་ཞི་བདེའི་འོད་སྣང་དམ་པ།

རང་དབང་དམངས་གཙོའི་དྲོད་ཁོལ་ཆེན་པོ།

ལག་འཇུ་གཅིག་གནང་རོགས།

ལག་འཇུ་བཅུ་གནང་རོགས།

ལག་འཇུ་བརྒྱ་དང་ལག་འཇུ་སྟོང།

ལག་འཇུ་ཁྲི་འབུམ་སེམས་པ་གཅིག

 

རང་ཡུལ་བོར་ནས་ས་མཐར་འཁྱམས།

བོད་རྒྱ་མཛའ་བཤེས་མནའ་ཡིས་སྦྲེལ།

 

དེ་བས།ཁྱོད་ཀྱི་ལག་འཇུ་རེ་རེ།

མཛའ་བརྩེ་དང་མཐུན་སྒྲིལ་གཙང་མ།

ཡིད་ཆེས་དང་ལྷག་བསམ་རྣམ་དག

ཀྱེ།འཛམ་གླིང་གི་སྤུན་ཟླ་རྣམས།

མ་ཎི་རེ་འདོན་རོགས།

དཔལ་འབར་རེ་སྒྲོན་རོགས།

ལག་འཇུ་རེ་གནང་རོགས།

འདི་དག་ནི་རོགས་ཕན་ཆུང་ཆུང་ཞིག་མིན།

 

ཨ། མ་ཎི་རེ་རེའི་གདུང་དབྱངས་འདར་འདར།

དཔལ་འབར་རེ་རེའི་འོད་སྣང་ཆེམ་ཆེམ།

ལག་འཇུ་རེ་རེའི་དྲོད་ཁོལ་ལམ་ལམ།

འདི་དག་ནི་རྒྱལ་ཁ་ཆུང་ཆུང་ཞིག་མིན།

 

༢༠༠༩།༦།༡།

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།