༄།མག་པ་དང་བག་མ

 

མག་པར་འགྲོ་བ

སྟག་ཤར་བུ་ཞིག་གི་མདུན་ལམ་ཡིན་ནམ

གལ་ཏེ་ཡིན་ན

ང་ཚོ་མག་པར་འགྲོ་སའི་གནས་ཡུལ་དབེན

ང་ཚོར་མག་གོ་ཆོད་པའི་འཇོན་ཐང་དབུལ

 

བག་མར་འགྲོ་བ

སྨན་ཤར་མོ་ཞིག་གི་སྔོན་ལས་མིན་ནམ

གལ་ཏེ་མིན་ན

ཁོ་མོ་ཚོ་གང་དུ་སོང་ཡང་གནས་ཡུལ་དང

རིན་ཐང་མེད་པའི་མ་ཡུམ་ཡིན

 

ང་ཚོའི་མག་པ་ཐོག་མ་དེ

སྟེང་ཕྱོགས་ལྷ་ཡུལ་ནས་ཕེབས་རབས་ཟེར

ང་ཚོའི་མག་པ་གོ་ཆོད་དེ

ལྷོ་ནུབ་རྒྱ་གར་ནས་བྲོས་རབས་ཟེར

གང་ལྟར་ང་ཚོའི་ཁྱིམ་བདག་རིན་པོ་ཆེ

གཉའ་ཁྲི་བཙན་པོ་ལགས

ཁྱེད་ཀྱི་བུ་རབས་ཚ་རྒྱུད་སུ་ཡང

མག་པར་དགའ་བའི་ཕ་སྲོལ་མེད

ཚང་མ་རང་ཁྱིམ་སྲུང་བའི་བདག་པོ་དང

དགྲ་བོ་འདུལ་བའི་དཔའ་རྒོད་ཡིན

 

ང་ཚོའི་བག་མ་ཐོག་མ་དེ

དག་པའི་ཞིང་ཁམས་ནས་འཕོས་རབས་ཟེར

ང་ཚོའི་བག་མ་གོ་ཆོད་དེ

རྒྱ་བལ་རྒྱལ་ཁབ་ནས་བསུས་རབས་ཟེར

གང་ལྟར་ང་ཚོའི་བཙུན་མོ་རིན་པོ་ཆེ

བལ་བཟའ་རྒྱ་བཟའ་ལགས

ཁྱེད་ཀྱི་མོ་རབས་ཚ་མོ་སུ་ཡང

བག་མར་དགའ་བའི་མ་སྲོལ་མེད

ཚང་མ་རང་ཁྱིམ་སྐྱོང་བའི་བདག་མོ་དང

བུ་ཕྲུག་གསོ་བའི་མ་ཡུམ་ཡིན།

 

༢༠༠༢།༢།༡༩

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།