༄།བཙོན་གླུ།

 

རྒྱལ་བ་བསྟན་འཛིན་རྒྱ་མཚོར།

སྐྱབས་འཇུག་སྨོན་ལམ་བརྒྱབ།

ཆོལ་གསུམ་བོད་མི་ཡོངས་ལ།

ཁས་ལེན་དམ་བཅའ་ཕུལ།

རང་སྲོག་འབེན་ལ་བཞག་ནས།

མི་རིགས་ཁེ་ཕན་སྒྲུབ།

དཔའ་ངར་དཔུང་བ་བརྟན་པོས།

རྒྱལ་དར་མཁའ་ལ་བསྒྲེངས།

ཞུམ་མེད་སྐད་གསངས་མཐོན་པོས།

རང་བཙན་འབོད་སྒྲ་བསྒྲགས།

འཚེ་མེད་ཞི་བའི་ལམ་ནས།

མི་རིགས་རང་དབང་བརྩད།

རྒྱ་དམར་སྲིན་པོའི་དམག་གིས།

མཚོན་གྱི་འཁོར་ལོ་བསྐོར།

རྐང་ལག་ལྕགས་སྒྲོག་བརྒྱབ་ནས།

མུན་དོང་བཙོན་དུ་བཅུག

ཁུ་ཚུར་དམ་པོར་བཅངས་ཏེ།

བདེན་པའི་ཨུ་ཚུགས་ངོམས།

རྒྱ་དམག་གཤིན་རྗེའི་ལས་མཁན།

ཡ་ང་སྙིང་རྗེ་མེད།

རྡུང་རྡེག་མནར་གཅོད་དྲག་པོས།

ཤི་མིན་རོ་མིན་བཏང།།

ཟུངས་ཁྲག་དྲོན་མོའི་རྒྱུན་གྱིས།

འཆི་ཁའི་ཁ་ཆེམས་བྲིས།

ཁྱེད་ནི་ལྕགས་དྲར་བཅུག་པའི།

གངས་ཀྱི་སེང་གེ་ཡིན།

ཁྱེད་ནི་གཟི་བརྗིད་ཆེ་བའི།

བོད་ཀྱི་དཔའ་རྒོད་ཡིན།

ང་ཚོ་ཁྱེད་རྗེས་འབྲངས་ཏེ།

རང་དབང་རྒྱལ་ཁ་བསུ། །  

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།