༄༅།གཞས་ཀྱི་ལེའུ།

 

 

          གཞས། མགྲིན་ངག་གི་འགྱུར་ཁུག་ལ་འདྲེས་པའི་་བརྩེ་སེམས་ཀྱི་རང་མདངས་ཟབ་མོ།

          འདི་ནི། མི་རིགས་སོ་སོའི་མཛེས་སྡུག་གི་འཛུམ་ཞལ་དྭངས་མ་དང༌། མིའི་རིགས་ཐུན་མོང་གི་མེད་ཐབས་མེད་པའི་འཚོ་བའི་མངར་ཁ་ཡིན།

བཀྲ་ཤིས་ཉི་ཟླ་སྐར་གསུམ།

 

སེར་གྱི་ལེར་ཉི་མ་ཤར་འདྲ་བོ། དཔེ་བཞག་ན་རྩ་བའི་བླ་མ་རེད།

སྐུ་གཟི་བྱིན་ཉི་མ་ཤར་འདྲ་རེད། གསུང་སྙན་མོ་སྣང་བ་རང་གྲུབ་རེད།

ཁོང་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག

དཀར་གསལ་ལེར་དུང་ཟླ་ཤར་འདྲ་བོ། དཔེ་བཞག་ན་བྱམས་ལྡན་ཕ་མ་རེད།

ཞལ་འཛུམ་དཀར་ཟླ་བ་ཤར་འདྲ་རེད། ཚིག་སྙན་མོ་སྣང་བ་རང་གྲུབ་རེད།

ཚེ་བསོད་ནམས་རྒྱས་པའི་བཀྲ་ཤིས་ཤོག

ཁྲ་ཆིལ་ལེར་སྐར་ཚོགས་ཤར་འདྲ་བོ། དཔེ་བཞག་ན་བོད་རིགས་སྤུན་ཟླ་རེད།

བློ་རིག་པ་སྐར་ཚོགས་ཤར་འདྲ་རེད།ནང་མཐུན་སྒྲིལ་འོད་མདངས་རང་གྲུབ་རེད།

ལས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག།

 

༄།གངས་ཅན་བོད་ཀྱི་ཉི་མ།

 

རྒྱལ་བ་ཡིད་བཞིན་ནོར་བུ། གངས་ཅན་བོད་ཀྱི་ཉི་མ།

ཁྱེད་མེད་ན་བོད་ལ་དྲོད་སྐྱིད་མེད། ང་ཚོ་འཁྱག་གྲངས་ལས་སྐྱོབ་ཕྱིར།

ནམ་ཡང་མི་ནུབ་འཆར་བར་སྨོན།

 

རྒྱལ་བ་ཡིད་བཞིན་ནོར་བུ། འཛམ་གླིང་ཞི་བདེའི་དུང་ཟླ།

ཁྱེད་མེད་ན་གླིང་འདིར་བསིལ་གྲིབ་མེད། འཇིག་རྟེན་ཚ་གདུང་ལས་སྐྱོབ་ཕྱིར།

ནམ་ཡང་མི་ནུབ་འཆར་བར་སྨོན།

 

ཆོས་སྲིད་བཀའ་སློབ་བཟང་པོ། འདི་ཕྱི་གཉིས་ཀྱི་ལམ་སྟོན།

སྤུན་ཟླ་མི་རིགས་མཐའ་དག ཕན་བདེའི་ལམ་བཟང་ཡངས་པོར།

དཔུང་གདང་སྦྲེལ་ནས་སྐྱོད་ཤོག །

 

 

 

༄༅། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ།

 

 

རྒྱལ་བ་བློ་བཟང་རྒྱ་མཚོ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།

པོ་ཏ་ལ་རུ་བཞུགས་ནས། བོད་ཁམས་བདེ་ལ་བཀོད་སོང།

 

རྒྱལ་བ་བློ་བཟང་རྒྱ་མཚོ། གངས་ལྗོངས་བསྟན་པའི་བདག་པོ།

ཆོས་བརྒྱུད་རིས་མེད་གནང་ནས། སངས་རྒྱས་བསྟན་པ་བསྐྱངས་སོང།

 

རྒྱལ་དབང་ལྔ་བ་ཆེན་པོ། གངས་ཅན་བོད་ཀྱི་ཆོས་རྒྱལ།

དགའ་ལྡན་ཕོ་བྲང་བཙུགས་ནས། རྒྱལ་སྲིད་མངའ་ཐང་རྒྱས་སོང།

 

༧གོང་ས་ལྔ་བ་ཆེན་པོ། ལུགས་གཉིས་ཁྲིམས་ཀྱི་བདག་པོ།

བཀའ་ལུང་དར་དཀར་ཡུག་གཅིག ཆོལ་གསུམ་རྒྱན་དུ་བསྒྲོན་སོང།


རྒྱལ་བ་བློ་བཟང་རྒྱ་མཚོ། རྒྱལ་ཁམས་ཀུན་གྱི་བླ་མ།

བོད་སོག་རྒྱ་ཡུལ་ཀུན་ཏུ། འཕྲིན་ལས་འོད་ཀྱིས་བཀང་སོང།

 

ཆོས་རྒྱལ་རྒྱལ་དབང་རིམ་བྱོན། གཞུང་ས་དགའ་ལྡན་ཕོ་བྲང།

མི་ལོ་སུམ་བརྒྱ་དྲུག་ཅུར། ཕྱོགས་ལས་རྣམ་པར་རྒྱལ་སོང།

 

རྒྱལ་དབང་རིམ་བྱོན་གཅིག་བསྡུས། རྒྱལ་བ་བསྟན་འཛིན་རྒྱ་མཚོ།

ལུགས་གཉིས་མང་གཙོའི་གཞུང་གསར། གངས་ཅན་བསྟན་འགྲོའི་གཞི་མ།

 

ཕྱོགས་ལས་རྣམ་རྒྱལ་སེང་དར། གངས་ཅན་མཁའ་ལ་སྐྱོད་ཅིང།

རང་ཡུལ་གངས་ཅན་པ་རྣམས། རང་དབང་དཔལ་ལ་སྤྱོད་ཤོག

 

འཚེ་མེད་ཞི་བདེའི་གཞུང་ལམ། བོད་རྒྱ་དབུ་མའི་ལམ་བཟང།

ཁྱེད་ཀྱི་སྐུ་ཚེ་འདིའི་རིང། མྱུར་དུ་འགྲུབ་པའི་བཀྲ་ཤིས། །

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།