༄།ཀ་བཤད་ཡ་མེད་རིལ་བུ།

 

 

 

ཀ་ཡི་གེ་སུམ་ཅུ་ཐམ་པ་བོ།

ཁ་དུང་སོ་སུམ་ཅུའི་རྒྱན་ཆ་ཡིན།

ག་གཞན་ལ་མེད་ཀྱང་ང་ལ་ཡོད།

ང་ཀ་ཁ་འཚོ་བའི་རྫི་བོ་ཡིན།

ང་རྫི་བོ་གངས་རིའི་གླུ་བ་ཡིན།

 

ཅ་རིལ་རིལ་ལྟ་བུའི་ཕོ་བའི་ཆེད།

ཆ་ཡོད་མེད་ཚང་མ་སྨྱོ་ལ་ཁད།

ཇ་རྩམ་པ་གཉི་ག་ཡོད་ས་ནས།

ཉ་ཉུངས་མ་ལ་སོགས་དགོས་པ་མེད།

ང་མགོ་ནག་རྩམ་གཟན་འགྱུར་མེད་ཡིན།

 

ཏ་ཏིས་རིན་རྒྱ་དཔོན་ཆེ་ཆུང་ཚོས།

ཐ་མ་ཏི་ཟེར་ནས་སྤྱོ་ན་ཡང༌།

ད་རང་གི་མི་རིགས་མདུན་ལམ་ཆེད།

ན་འཆི་བ་མི་འཛེམས་འཐབ་ན་འདོད།

ང་དཔའ་ཞིག་མེད་ཀྱང་དཔེ་ཞིག་འཇོག

 

པ་ཞིམ་པོས་གཅེས་སའི་བུ་ཚ་དང༌།

ཕ་མི་གཅིག་སྤུན་དང་སྲིང་ཆུང་ཚོ།

བ་འབྲི་མོ་འཚོ་ཞོར་བཞོ་ཞོར་ལ།

མ་དྲིན་མོ་ཆེ་ལ་བདག་རེ་བྱོས།

ང་ས་ཐག་རིང་ཡང་སེམས་ཐག་ཉེ།

 

ཙ་ཡ་མེད་དེང་སང་མང་རབས་ཟེར།

ཚ་མེ་མདའ་འཕེན་མཁན་ཡོད་རབས་ཟེར།

ཛ་ཛོ་རེའི་ནང་དམེ་མ་གཏོགས་པ།

ཝ་འཕར་སྤྱང་བསད་པ་མ་མཐོང་བས།

ང་ཁོ་ནག་གཏིང་ནས་ཆད་དེ་ཡོད།

 

ཞྭ་ཤོག་ཞྭ་བསྐོན་དུས་ནག་ཞྭ་ཡིན།

ཟྭ་ལྕགས་སྒྲོག་བརྒྱབ་དུས་ཉེས་ཅན་ཡིན།

འ་ཡོ་ཡོ་ཤོར་དུས་དཔའ་བོ་མིན།

ཡ་མི་བྱེད་ཡ་བོ་ཁ་ཁེར་རེད།

ང་སྨོན་སའི་དཔའ་བོ་དེ་འདྲ་མིན།

 

རྭ་ལྡེམ་མེ་སྒྱིང་ནོ་བྲེ་སར་འབྲོང༌།

ལ་ལབ་ཙེ་སྟོད་ནོ་ལ་རྒྱ་ཅན།

ཤ་ཁྲག་ལ་རྔམ་ནོ་དམར་ཡག་སྟག

ས་རང་ཡུལ་སྲུང་ནོ་རྒྱ་སྟག་ཁྱི།

ངས་བསྟོད་སའི་སྟག་ཤར་མི་མང་གི

 

ཧ་ལས་ན་ཚེ་སྲོག་འཆོར་རྒྱུ་རེད།

ཡང་མིན་ན་ཁྲིམས་སྒོར་སྦྱོར་རྒྱུ་རེད།

ཨ་ལ་ལའི་གྲུབ་རྟགས་མེད་ན་ཡང༌།

བུ་སྐྱེས་ཀི་མྱིང་ཞིག་ལོས་ཀྱང་འཇོག

ང་ཤི་ཡང་བསམ་དོན་གྲུབ་པ་ཡིན། །

༢༠༠༧།༨།༨

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།