༄།ཀ་རྩོམ་འདྲེ་འདུལ་འཁོར་ལོ།

 

 

ཀ་ངོ་མི་ཤེས་བོད་མིང་ཅན།

ཁ་བཤད་མཁས་པའི་ལག་སྟོང་པ།

ག་ས་གང་འཁྱམ་ངེས་མེད་དང༌།

ང་རྒྱལ་ཆེ་བའི་བླུན་པོ་རྣམས།

དགོས་པ་མེད་ཀྱང་ཐ་ར་ར།

 

ཅ་ཅོ་མང་པོས་གཞན་མགོ་བསྐོར།

ཆ་ལུགས་སྣ་བརྒྱས་རང་སྣང་བསླུ།

ཇ་ཆང་གཏམ་གྱིས་ངོ་སོ་བསྟོད།

ཉ་ཉོག་རྩོད་པའི་ཕུང་དཀྲུག་པ།

རང་གཞན་གཉིས་འཕུང་མགོ་སྟོང་མངས།

 

ཏ་རེ་མ་ཎི་ངག་ན་མེད།

ཐ་ཤལ་དུ་ཆང་ཁ་ཡི་རྒྱན།

ད་དུང་རྒྱན་རྐུན་ནག་ཚོང་སོགས། 

ན་ཚོད་ལས་བརྒལ་ཁྲིམས་འགལ་པ།

འདི་ཕྱི་གཉིས་མེད་ཉེས་ཅན་མང༌།

 

པ་ཕའི་ཁ་ཏ་རླུང་ལ་བསྐུར།

ཕ་མའི་དྲིན་ལན་ཆུ་ཡིས་འཇལ།

བ་འབྲི་སྒོ་ཕྱུགས་ཆང་ལ་བརྗེས།

མ་རབས་ཁྲེལ་མེད་བུ་ངན་དག

ཁ་རྒྱལ་མགོ་རྒྱལ་ཐེའུ་རིང་སྤུན།

 

ཙ་ཡ་ཡིན་སྙམ་ཁ་ཕོ་ཅན།

ཚ་གྲང་མི་བཟོད་ལེ་ལོ་ཅན།

ཛ་ལང་ཀླ་ཀློའི་གཏུམ་སྤྱོད་ཅན།

ཝ་མོའི་གཡོ་ཅན་བསླུ་མཁས་གྲོགས།

བཀྲ་མི་ཤིས་པའི་ནང་དགྲ་ཡིན།

 

ཞ་ར་ཞ་བོ་འདྲ་བའི་རིགས།

 ཟ་འཐུང་འདོད་ཧམ་ཕག་པའི་རིགས།

འ་འུར་རི་བོང་ཅལ་འདྲོགས་རིགས།

ཡ་ཁོག་སྟོང་བའི་ཡ་མེད་རིགས།

མི་རིགས་ནང་གི་འདྲེ་རིགས་རེད།

 

ར་མ་ལུག་གི་རང་གཤིས་ཅན།

ལ་ལུང་མང་པོའི་མཐོང་ཐོས་ཅན།

ཤ་རྩ་དཀར་ཡང་གཏིང་ནག་གི

ས་ཆ་དམའ་སའི་མགྲོན་པོ་ཚོ།

ཧ་ཅང་འཇིགས་དགོས་ཨ་ཕོ་སྟག

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།