༄།ཀ་བཤད་ག་མེད་འདི་མེད།

 

 

ཀ་མད་སུམ་ཅུར་འགྲོགས་འདྲིས་མེད།

ཁ་བ་ཅན་ལ་དུངས་སེམས་མེད།

ག་ཞ་འཛུམ་གྱི་བསུ་བ་མེད།

ང་རང་ཡིན་སྙམ་ང་རྒྱལ་ཅན།

ཁྱོད་ལ་དགའ་མཁན་སུ་ཞིག་ཡོད།

 

ཅ་ཅོ་མ་གཏོགས་གཏམ་སྙན་མེད།

ཆ་བྱད་མ་གཏོགས་ཆ་ལུགས་མེད།

ཇ་ཆང་མ་གཏོགས་ལོངས་སྤྱོད་མེད།

ཉ་མ་སློབ་མ་ཅང་མེད་ཚོ།

ཁྱོད་ལ་ཡོན་ཏན་ཅི་ཞིག་ཡོད།

 

ཏ་རེ་མ་ཎིའི་ཚིག་ཙམ་མེད།

ཐ་མག་ཆང་དང་འབྲལ་བ་མེད།

ད་རིང་སང་གི་འཆར་གཞི་མེད།

ན་ནིང་ལོ་ཡི་གྲུབ་འབྲས་མེད།

ཁྱོད་ཀྱི་མི་ཚེར་སྙིང་པོ་ཅི།

 

པ་སངས་ལྟར་དཀར་བསམ་པ་མེད།

ཕ་ལམ་རྡོ་རྗེའི་དམ་ཚིག་མེད།

བ་མོ་འདོད་འཇོའི་ལོངས་སྤྱོད་མེད།

མ་རབས་ལས་ལ་རྫོགས་མཐའ་མེད།

ཁྱོད་ལ་རེ་བ་ཅི་ཞིག་ཡོད།

 

ཙ་ན་ཡིན་ཡང་སྤྱི་དོན་མེད།

ཚ་གྲང་དཀའ་བར་བཟོད་སྲན་མེད།

ཛ་དྲག་གནས་ལ་ཚོར་སྣང་མེད།

ཝ་ལོང་རྒྱན་ལས་གཅེས་ནོར་མེད།

བུད་མེད་ཁྱོད་ཚོར་འཇོན་ཐང་ཅི།

 

ཞ་ར་ཞ་མོར་སྙིང་རྗེ་མེད།

ཟ་འཐུང་གཉིད་ལ་ཆོག་ཤེས་མེད།

འ་འུར་འདོད་གཏམ་ཚར་དུས་མེད།

ཡ་རབས་ལུགས་ལ་རྩིས་ཐང་མེད།

ཁྱོད་ཚོ་དགོས་མཁན་སུ་ཞིག་ཡོད།

 

ར་མ་ལུག་དང་ཁྱད་པར་མེད།

ལ་ལུང་ཉུལ་ལ་འགྲན་ཟླ་མེད།

ཤ་རུས་གཅིག་གི་ངོ་ཚ་མེད།

ས་མཐའ་འཁྱམ་གི་ཟ་ལེ་རྒྱ།

ལ་ལ་ཞིག་ལ་ཅི་ཡང་མེད།

 

ཧ་ཅང་བསྔགས་འོས་བྱས་རྗེས་མེད།

ཧ་ལས་དགོས་པའི་ཡོན་ཏན་མེད།

ཨ་ལགས་མང་པོར་དད་པ་མེད།

ཨ་མདོ་བ་ཡི་རྣ་འབྱོག་མེད།

ང་རང་ལ་ཡང་ཅི་ཞིག་ཡོད། །

 

༢༠༠༧།༨།༨།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།