༄།ཀ་འཕྲིན་སེམས་ཀྱི་རི་མོ།

 

ཀ་མད་སུམ་ཅུའི་མགུལ་རྒྱན་ཅན།

ཁ་བ་རི་བར་དུང་སེམས་ཅན།

ག་ཞ་འཛུམ་པའི་བརྩེ་འདང་ཅན།

ང་ཡི་སྲིང་ཆུང་འཇིགས་བྱེད་འཚོ།

ཁྱོད་འཛོམས་ཀྱང་འཛོམས་ལ་བཟང་ཡང་བཟང༌།


ཅ་ཅོ་ཀུ་རེའི་ཁ་བདེའི་གྲོགས།

ཆ་མེད་རྒྱུས་མེད་འཁྱམ་པོའི་གྲོགས།

ཇ་ཆང་མཉམ་འཐུང་རྩེད་དགའི་གྲོགས།

ཉ་མོ་ཆུ་འདྲའི་སློབ་གྲོགས་ཚོ།

ང་མང་ཡང་མང་ལ་དྲན་ཡང་དྲན།


ཏ་ལའི་ལྗོན་པའི་གྲིབ་བསིལ་འོག

ཐ་སྙད་རིག་པའི་རོལ་རྩེད་ཀྱིས།

ད་བར་མི་ལོ་བཅོ་བརྒྱད་རིང༌།

ན་སོ་ཡོལ་ཡང་སེམས་ཤུགས་ཀྱིས།

ངས་འབད་ཀྱང་འབད་ལ་དགེ་ཡང་དགེ

 

པ་སངས་འདྲ་བའི་ལྷག་བསམ་གཅིག

ཕ་ལམ་ལྟ་བུའི་དམ་བཅའ་གཉིས།

བ་མོ་བཞིན་གྱི་ལོངས་སྤྱོད་གསུམ།

མ་བཞིན་བྱམས་བརྩེའི་དགའ་མ་བཞི།

ང་ཡོད་ཀྱང་ཡོད་ལ་སྐྱིད་ཀྱང་སྐྱིད།

 

ཙ་རི་གངས་རིའི་ཕ་ས་དོར།

ཚ་གདུགས་ཆེ་བའི་ས་མཐའ་ཉུལ།

ཛ་ཡའི་གསུང་གི་ལམ་སྟོན་རྙེད།

ཝ་ལེར་མི་ཚེའི་སྙིང་པོ་རྟོགས།

ས་རྒྱལ་ཁམས་འགྲིམས་པའི་རྐང་རྗེས་གཅིག


ཞ་གོས་མི་གཅིག་མི་རིགས་ལྷན།

ཟ་འཐུང་མི་གཅིག་ཨུ་ཚུགས་ངང༌།

འ་ཅག་སོག་བོད་བདེ་སྡུག་གཏམ།

ཡ་ཁོག་སྡུག་གིས་ནོན་བཞིན་གླེང༌།

ངས་ས་མཐའི་མི་ཚེ་སྐྱེལ་སྟངས་ཡིན།


ར་ལུག་འཚོས་པའི་འབྲོག་ཕྲུག་ང༌།

ལ་རྒྱ་ཅན་གྱི་ཨ་མའི་བུ།

ཤ་ཞེན་ཅན་གྱི་ཁྲེལ་ཡོད་མི།

ས་མཐའ་འགྲིམས་ཀི་བྱང་མ་སྟེ།

རྫ་ཆབ་བྲག་དབུ་རྩེའི་རྒོད་པོ་ཡིན།

 

ཧ་ཧ་ལབ་མིན་ཀུ་རེ་སྟེ།

ཧོ་ཧོ་མ་འཕྱ་སྲིང་ཆུང་མ།

ཨ་མ་ཀུན་གྱི་མཁོ་མོ་སྟེ།

ཨ་མའི་དྲིན་འཇལ་ཁྱོད་ཚོར་བཅོལ།

མི་རིང་མཇལ་བའི་སྨོན་ལམ་འདེབས།

 

༢༠༠༧།༨།༧ དགུང་མོར་བྲིས་སོ། །


༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།