༄༅།།ངོ་སྤྲོད་ཤེས་བྱའི་ཆུ་ཐིགས།

 

༄།རྒྱལ་ཡོངས་སྐད་ཡིག་དང་རིག་གཞུང་སློབ་གླིང་ཆེན་མོ།

INALCO


       སློབ་གླིང་འདི་དང་ཐོག་སྤྱི་ལོ་༡༦༦༩ ལོར་ཧྤ་རན་སིའི་རྒྱལ་པོའི་ཕྱག་མཛོད་ཀྱིས་བཙུགས། དེ་དུས'གཞོན་ནུའི་སྐད་ཡིག་སློབ་གྲྭ'ཟེར། དམིགས་ཡུལ་གཙོ་བོ་ནི། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་གཞུང་ཚབ་བར་ལ་འབྲེལ་ལམ་དང། ལོ་ཙཱ་བ་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད།

          ཐོག་མའི་སྐད་ཡིག་ཁག་ནི། ཏུ་ཨེར་ཅི་དང། ཏ་ཏར། སྟག་གཟིག མ་ལེ་ཤི་ཡ། ཨ་ར་པོ་བཅས་ཀྱི་སྐད་ཡིག་རེད། ༡༧༩༥ ལོར་གསར་བརྗེ་ཆེན་པོའི་རྗེས་ལ། 'ཨེ་ཤེ་ཡའི་སྐད་ཡིག་སློབ་གླིང'ཞེས་པར་བསྒྱུར།

          ༡༩༡༤ ལོར་སྐད་རིགས་ཉི་ཤུ་དང། ༡༩༤༥ ལོར་སྐད་རིགས་ཞེ་ལྔ། ད་ལྟར་སྐད་རིགས་བརྒྱར་ཉེ་བ་ཞིག་ཡོད། དེ་དག་ནང་། རྒྱ་དང་ཧིན་དུ། ཉི་ཧོང། ཨ་ར་པོ། ཨུ་རུ་སུ། ཧང་གོ་སོགས་ཀྱི་སྐད་ཡིག་ལ་མཐོ་སློབ་ལོ་རིམ་བརྒྱད་པ་བར་ཡོད་པ་དང། ལ་ལ་ཞིག་ལ་ལོ་རིམ་དང་པོ་མ་གཏོགས་མེད་པའང་ཡོད།

          སློབ་གཉེར་པ་ཆིག་ཁྲི་ཉིས་སྟོང་ལྷག་དང། དེའི་ནང་འབུམ་རམས་པ་ལྔ་བརྒྱ་ཡོད། དགེ་རྒན་ཆེན་མོ་བདུན་ཅུ་དང། དགེ་རྒན་ཆེན་མོ་གཞོན་པ་ཉིས་བརྒྱ་ལྔ་བཅུ་ལྷག ཞོར་དགེ་༣༢༠། སློབ་གཉེར་བའི་བརྒྱ་ཆའི་༢༠ལྷག་རྒྱལ་ཁབ་གཞན་དག་ནས་ཡོང་གིན་ཡོད། འཛིན་གྲྭ་མིའདྲ་བ་ཆིག་སྟོང་ལྔ་བརྒྱ་ལྷག་དང་། 167 diplômes.བཅས་ཡོད།

ད་ལྟའི་མཐོ་སློབ་ཁང་འདིའི་དམིགས་ཡུལ་ཆེན་པོ་བཞི།

          ༡༽རྒྱལ་ཁབ་ཁག་གི་སྐད་དང་ཡི་གེ རིག་གཞུང། ལོ་རྒྱུས། ས་ཁམས། ཆབ་སྲིད་ལ་སོགས་པར་སྦྱོང་བརྡར་བྱ་རྒྱུ།

          ༢༽རྒྱལ་སྤྱིའི་ཞིབ་འཇུག་གི་འབྲེལ་བ་འཛུགས་པ། ༼ཞིབ་འཇུག་སྡེ་ཁག་༢༤ཡོད།༽

          ༣༽ཨེ་ཤར་ཡའི་རྒྱལ་ཁབ་ཁག་གི་སྐད་ཡིག་དང། རིག་གཞུང་སྐོར་སློབ་དེབ་དང། ཞིབ་འཇུག་གི་རྒྱུ་ཆའི་ཡིག་ཆ་འདོན་པ།

          ༤༽ཤར་ཕྱོགས་རྒྱལ་ཁབ་ཀག་གི་སློབ་ཆེན་ཁག་དང་འབྲེལ་བ་འཛུགས་པ་བཅས་ཡིན།

   སྐད་ཡིག་སོ་སོའི་ཚན་ཁག་ལ་ཞོར་དུ་ཆེད་ལས་ཀྱི་སྦྱོང་བརྡར་གཞན་ཡང་ཡོད། དཔེར་ན། རྒྱལ་སྤྱིའི་བརྗེ་རེས་དང་། ཧྥ་སྐད་སློབ་སྦྱོང་ལྟ་བུ་སོགས།

སློབ་གླིང་གི་ནང་གསེས་ཚན་ཁག་བཅུ་གཅིག

          ༡། ཨུ་རུ་སུ། ༢། རྒྱ་ནག ༣། ཉི་ཧོང། ༤། ཤར་ལྷོའི་ཨེ་ཤེ་ཡ་དང་ས་མཐོའི་ཨེ་ཤེ་ཡ། ༥། ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྐད་ཡིག བོད་ཡིག་དེའི་ཁོངས་སུ་གཏོགས། ཚན་ཁག་ཆེ་བ་འདིའི་ནང་དུ་བིར་མ་ནི་ཡ་དང་བལ་ཡུལ་གྱི་སྐད་ཡིག་སྡེ་ཁག་ཀྱང་ཡོད། ༦། ལྷོ་ཕྱོགས་ཨེ་ཤེ་ཡ། ༼ཧིན་དུའི་སྐད་སྣ་དྲུག་གམ་བདུན༽ ༧། ཨ་ཧྤེ་རི་ཀ  ༨། ཨ་ར་པོ།  ༩། ཧེ་བྲུ ཡུ་རོ་ཨེ་ཤེ་ཡ། ༼ཧན་གོ་དང་ཏུ་རེ་ཅི་ཡ། རྗེ་པོར་རྗེ་ཡ། སྟག་གཟག༽ ༡༠། ཡུ་རོབ་ཀྱི་དབུས་དང་ཤར་ཕྱོགས། ༡༡། ལྷོ་དང་བྱང་གི་ཨ་མེ་རི་ཀའི་གདོད་མའི་མི་རིགས།

བོད་ཡིག་ཚན་ཁག

          བོད་ཡིག་ཚན་ཁག་ནི་སྡེ་ཁག་འབྲིང་བར་གཏོགས། སྐད་རིགས་སོ་སོའི་སློབ་གཉེར་བའི་གྲངས་ཚད་ནས་བརྩིས་ན་རིམ་པ་ཉི་ཤུ་བར་བསླེབས་ཡོད་ལ།༼ ལོ་རིམ་དྲུག་པ་བར་ཡོད།༽

          ཕྱི་གླིང་ཡོངས་ཀྱི་ནང་བོད་ཡིག་སློབ་གཉེར་ཐོག་དང་པོ་ཡིན། ༡༨༤༢ ནས་༡༨༧༣་བར་ལ་མཁས་དབང་དམ་པ་རྣམ་གཉིས་ཏེ། FOUCAUX དང་-FEER སྐུ་ཞབས་ཀྱིས་སློབ་ཁྲིད་གནང། སྐུ་ཞབས་FEER སྐད་རིགས་༢༨་འབྲི་ཀློག་ཐུབ། དེ་དུས་ཀྱི་སློབ་གཉེར་བ་མང་ཤོས་ཨེ་ཤེ་ཡའི་རིག་གནས་ཞིབ་འཇུག་པ་དང། ཡེ་ཤིའི་ཆོས་ཆོས་སྤེལ་མཁན་ཚོ་ཡིན། ཕངས་པ་ཞིག་ལ་༡༨༧༣ ནས་༡༩༦༣ བར་དུ་མཚམས་ཆད་འདུག

          ༡༩༦༣ ལོར་འཇར་མན་ནས་ཕེབས་པའི་སྐུ་ཞབས་ROLF STEIN ལགས་ཀྱིས་བོད་ཡིག་སྡེ་ཚན་བསྐྱར་འཛུགས་གནང། སྐབས་དེ་ནས་དྭགས་པོ་རིན་པོ་ཆེས་དགེ་རྒན་ཆེན་མོ་གཞོན་པ་ལོ་༤༠་རིང་གནང། ༡༩༧༠ ལོ་ནས་ལྕམ་སྐུ་ཞབས་ BLONDEAU- ལགས་ཀྱིས་དགེ་རྒན་ཆེན་མོའི་ཕྱག་ལས་གནང།

          ༡༩༧༧་ལོར་བདེ་སྦྱིན་བཟང་མོ་ལགས་ཀྱིས་དགེ་རྒན་ཆེན་མོའི་སྐུ་ཚབ་གནང་ཞིང་བོད་ཡིག་སྡེ་ཚན་གྱི་སྒྲོམ་གཞི་རྒྱ་ཆེར་བསྐྱེད་དེ་ལོ་རིམ་གསུམ་པ་དང་བཞི་བ་གསར་དུ་བསྣན་ཞིང། ༡༩༨༩ ལོ་ནས་དགེ་རྒན་ཆེན་མོ་གཞོན་པ་དང་༢༠༠༣ལོར་དགེ་རྒན་ཆེན་མོའི་གོ་སར་འཕར། ༢༠༠༩ལོར་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་པ་ཆོས་ཉིད་དབང་མོ་ལགས་དགེ་རྒན་ཆེན་མོ་གཞོན་པའི་གོ་སར་བསླེབས།

          ཉེ་ཆར་བོད་ཀྱི་སྙན་ངག་པ་ལྗང་བུའམ་རྡོ་རྗེ་ཚེ་རིང་ལགས་དང། སྨན་པ་མཆོག་ཚང་ལུང་རྟོགས་ལགས་གཉིས་ཀྱི་ལོ་ཡུན་དྲུག་རྫོགས་ཚབ་ལ་རིམ་བཞིན། ཆབ་བྲག་ལྷ་མོ་སྐྱབས་ལགས་དང་བསོད་ནམས་ཚེ་རིང་ལགས་གཉིས་ཕེབས། 

 

       མི་རིགས་འདྲ་མིན་གྱི་སྐད་ཡིག་འདྲ་མིན་སྦྱོང་ས་འདི་ནི་ལོ་ཙཱ་སློབ་མཁན་ཞིག་ལ་མཚོན་ན་སློབ་གླིང་ཡག་ཤོས་ཤིག་ཆགས་ཡོད། འདིར་སློབ་ཡོན་ཧ་ཅང་སླ་ཞིང། གོ་སྐབས་ཀྱང་རེག་སླ། ལོ་རིམ་བཅུ་གཉིས་པའི་ལག་ཁྱེར་དང་ཧྥ་སྐད་ཅུང་ཙམ་ཤེས་ན་དངོས་ཤུགས་བྱ་ཆོག ད་ལྟ་བོད་པ་སློབ་མ་ང་རེ་གཉིས་ཡོང་གིན་འདུག

 


༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།

http://tbrc.org/?locale=bo#home