༄།ལེགས་སྐྱེས།

 

 

          གལ་ཏེ་ང་རང་དགེ་རྒན་བཟང་པོ་ཞིག་ཡིན་ན། ངས་སློབ་ཕྲུག་ཚོར་རང་གི་སྒོ་གསུམ་གྱི་ཡོན་ཏན་རྣམས་ཉིན་རེའི་ཟ་མ་བཞིན་དུ་ལེགས་སྐྱེས་སུ་འབུལ་ངེས། དེ་ནི་སློབ་ཕྲུག་ཚོའི་མི་ཚེར་ཕན་པའི་འབུལ་བ་ཞིག་ཅིས་མིན།

 

          གལ་ཏེ་ང་རང་སློབ་ཕྲུག་ཡག་པོ་ཞིག་ཡིན་ན། དགེ་རྒན་གྱི་ཉིན་མོར་རྩོམ་ཡིག་བཟང་པོ་ཞིག་གི་ལེགས་སྐྱེས་འབུལ་ངེས་ལ། དེ་ནི་བདག་གི་དགེ་རྒན་གྱི་ཐུགས་མཉེས་ཤོས་ཀྱི་མཆོད་པ་ཞིག་ཀྱང་ཡིན་ངེས།

 

          གལ་ཏེ་ང་རང་ཕ་མ་བསམ་ཤེས་ཤིག་ཡིན་ན། ངས་རང་གི་ཕྲུ་གུ་ཚོའི་ཤེས་ཚད་དང་རན་པའི་ཀློག་དེབ་གང་མང་ཉོས་ནས་རྔན་པ་སྟེར་ངེས། དེ་ནི་ཟོས་ནས་ཚར་རྒྱུ་མེད་པའི་བློ་རིག་གི་སྨན་མཆོག་ཡིན།

 

          གལ་ཏེ་ང་རང་ཕ་མའི་གཅེས་ཕྲུགཅིག་ཡིན་ན། ངས་རང་གི་སྐར་གྲངས་མཐོ་བའི་རྒྱུགས་ཤོག་ཁྱེར་ནས་ཕ་མར་རང་གི་སྦྱངས་འབྲས་ཀྱི་ལེགས་སྐྱེས་དེ་འབུལ་ངེས། ཕ་མས་ང་ལ་བསྟོད་པ་དང་རྔན་པ་མང་པོ་ཡང་ལོས་སྟེར།

          གལ་ཏེ་ང་རང་ཚོང་པ་ཕྱུག་པོ་ཞིག་ཡིན་ན། ངས་སློབ་གྲྭ་གང་ཞིག་ལ་སློབ་སྦྱོང་གི་མཐུན་རྐྱེན་དུ་དཔེ་མཛོད་ཁང་ཞིག་རྒྱག་ངེས། དེ་ནི་སློབ་ཕྲུག་སྟོང་ཕྲག་མང་པོའི་རེ་བ་སྐོང་བའི་ལེགས་སྐྱེས་འཛད་པ་མེད་པ་ཞིག་གོ

 

          གལ་ཏེ་ང་རང་ཤེས་ཡོན་པ་ཞིག་ཡིན་ན། ངས་རང་གི་འཇོན་ཐང་ཚང་མ་མི་རིགས་ཀྱི་ཤེས་རིག་སློབ་གསོའི་བྱ་བར་ལེགས་སྐྱེས་སུ་འབུལ་ངེས། དེ་ལྟར་བྱས་ན་མ་མཐའ་ཡང་ངས་རང་གི་དྲིན་ལན་གང་འཚམ་འཇལ་ཐུབ།

 

          གལ་ཏེ་ང་རང་ལས་བྱེད་ཅིག་ཡིན་ན། ངས་རྟག་པར་བོད་ཡིག་གི་དུས་དེབ་དང་ཚགས་པར་སོགས་ངེས་པར་ཚར་རེ་ཉོ་ངེས། བཀླགས་ཚར་ན་སློབ་མ་གང་ཞིག་ལ་རྔན་པར་སྤྲོད་ཆོག དེ་ནི་དེབ་འགྲེམས་སྤེལ་མཁན་དང་ཀློག་མཁན་གཞན་ལའང་རོགས་ཕན་བསྒྲུབས་པ་ཞིག་ཡིན།

 

          གལ་ཏེ་ང་རང་ཆེ་གེ་མོ་དེ་དང་དེ་དག་ཡིན་ན། ངས་བླ་མར་འབུལ་བ་དེ་ཡང་དཔེ་ཆ་ཞིག་དང༌། ངས་ཕ་མར་འབུལ་རྒྱུ་དེ་དཔེ་དེབ་ཅིག ངས་དགའ་བོར་འབུལ་རྒྱུ་དེ་ཡང་དེབ་ཅིག མཛའ་གྲོགས་ཚོར་འབུལ་རྒྱུ་དེ་ཡང་དེབ་ཅིག རང་གི་བྱིས་པ་ཚོར་སྟེར་རྒྱུ་དེ་ཡང་དེབ་ཅིག་ཡིན་ངེས།

 

          མདོར་ན། ང་ཚོས། སུ་ཞིག་གི་སྐྱེས་སྐར་དང༌། གང་ཞིག་གི་གཉེན་སྟོན་སོགས་དང༌། ཐ་ན་སུ་དག་ལ་མཇལ་འཕྲད་དང༌། གང་དག་ལ་སྐྱེལ་བསུ་སོགས་གང་ལྟར་བཀྲ་ཤིས་བདེ་ལེགས་ཞུ་རྟེན་དུ་འབུལ་རྒྱུའི་ལག་རྟགས་ཡག་ཤོས་དེ་ནི་དཔེ་དེབ་གང་ཞིག་འབུལ་་བའི་ལེགས་སྐྱེས་དེ་རང་ཡིན་ན་དགའ་བ་ལ་ཨང༌།

          ཡིན་ཡང༌། ཡིད་ཕངས་པ་ཞིག་ལ། དཔེ་དེབ་ལེགས་སྐྱེས་འབུལ་མཁན་ཉུང་བ་མ་ཟད། དཔེ་དེབ་འབུལ་ཡུལ་གྱིས་ཀྱང་དེ་ལ་རིན་ཐང་ཆུང་བར་ལྟ་བ་དེའོ།

 

          ལེགས་སྐྱེས་ནི། སྤྱིར་བཏང་གི་ལག་རྟགས་མིན་ལ། བཟའ་བཏུང་སོགས་ཕལ་བའི་རྔན་པ་ནི་དེ་བས་ཀྱང་མིན། དེ་ནི་མིང་དོན་མཚུངས་པའི་ལེགས་པའི་སྐྱེས་བཟང་པོ་སྟེ། མི་ལ་ཤེས་ཡོན་གྱི་འོད་སྣང་སྦྱིན་པའི་ཚེ་སྲོག་གི་ནོར་བུ་དཔེ་དེབ་ཁོ་ན་རང་ཡིན་ནོ།།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།