༄།གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན།

 

 

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན། ངས་རང་གི་བཟའ་ཟླ་ནང་མི་ཚོ་ལ་དུ་དུག་ཕོག་གི་མི་འཇུག་ལ། ངས་རང་གི་ཤ་ཉེ་གྲོགས་པོ་ཚོ་དང་དུ་བ་མི་འཐེན་པའི་མི་སུ་ལ་ཡང་དུ་དུག་ཕོག་གི་མི་འཇུག

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན། ངས་དུ་དྲེག་ཆགས་པའི་རང་གི་ལག་པ་དེ་གཙང་ཞིང་འཇམ་པའི་བུད་མེད་ལ་ནམ་ཡང་རེག་མི་ཕོད་ལ། དུག་དྲི་ཁ་བའི་ཁ་དེས་རང་གི་བུ་ཕྲུག་དང་ཆུང་མ་སུ་ལ་ཡང་ཁ་སྦྱོར་མི་ཕོད།

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན། ངས་ལག་པ་མ་བཀྲུས་པར་གཞན་ལ་ཟ་མ་མི་བཟོ་ལ། ང་གཞན་དང་ཐག་ཉེར་བཅར་ནས་ཁ་རླངས་ཀྱང་ཕོག་གི་མི་འཇུག

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན།ངས་ནམ་ཡང་མི་གཞན་གྱི་ནང་ནས་དུ་བ་འཐེན་ནས་དུ་སྣེ་མང་པོའི་གད་སྙིགས་བཟོ་མི་ཕོད་ཅིང༌། དུ་བ་མི་འཐེན་པའྀ་གྲོགས་པོ་ཚོའི་ཁྲོད་ནས་ཅི་མི་སྙམ་པར་དུ་བ་ལྷོག་ལྷོག་འཐེན་ནས་འདུག་ཀྱང་མི་ཕོད་དེ། ངས་ཁོང་ཚོའི་འཕྲོད་བསྟེན་ལ་གནོད་པ་སྐྱེལ་ན་ག་ལ་འགྲིགས། ངས་ཁོ་ཚོའི་རང་དབང་ལ་ཕོག་ཐུབ་བཏང་ན་ག་ལ་འོས།

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན། ངས་ཐ་མག་གི་ཉེས་དམིགས་དང༌། ཐ་མག་འཐེན་མཁན་ཚོའི་བག་མེད་ལངས་ཤོར་སྤྱོད་ཚུལ། ད་དུང་དེ་དང་འབྲེལ་བའི་བསམ་བློའི་གནད་དོན་སོགས་ལ་བསམ་བློ་ཞིབ་མོ་གཏོང་ངེས།

          གལ་ཏེ་ང་རང་དུ་འཐེན་ཞིག་ཡིན་ན། ངས་ཐ་མག་སྤངས་ནས། དེའི་འགྲོ་སོང་དེ་དག་རང་རིགས་སྐྱོ་བོ་ཞིག་གི་མི་ཚེའི་འཚོ་རྟེན་གྱི་ཆ་ཤས་ཤིག་ལ་ཞལ་འདེབས་རྒྱག་ངེས།

 

          དུ་འཐེན་གྲོགས་པོ་ཚོ། ཁྱོད་ཚོས་དེ་ལྟར་སྒྲུབ་ཐུབ་བམ། གལ་ཏེ་དེ་ལྟར་མ་བྱུང་ཡང༌། མ་མཐར་ཡང་མི་གཞན་དང་ལྷག་པར་ཁྱོད་ཀྱི་སྙིང་ཉེ་བའི་མི་ཚོའི་ཚེ་སྲོག་གམ་འཕྲོད་བསྟེན་ལ་གནོད་མི་སྐྱེལ་བ་ཞུ། ང་ཚོ་བོད་པ་ནི་རང་ལས་གཞན་གཅེས་དང་འཚེ་བ་སྤོང་མཁན་གྱི་ཆོས་ལྡན་མི་རིགས་ཤིག་ཡིན་པས་ཁྱོད་ཀྱིས་གཞན་གྱི་ཚེ་སྲོག་ལ་ཕན་མ་ཐོགས་ཀྱང་གནོད་སྐྱེལ་ན་ག་ལ་རུང། ང་ཚོར་རང་གི་ཚེ་སྲོག་ལས་རྩ་བ་ཆེ་བ་ཅི་ཞིག་ཡོད། ཁྱོད་ཀྱི་ཐ་མག་རྐང་རེ་རེས་ཀྱང་ཁྱོད་ཀྱི་མཐའ་འཁོར་གྱི་མི་ཚོའི་ཚེ་སྲོག་གི་སྐར་ཆ་རེ་འཕྲོག་གིན་ཡོད་པས། གལ་ཏེ་ཁྱོད་ཀྱིས་སྣང་མེད་ངང་ངན་པ་ལངས་ཤོར་གྱིས་རྟག་ཏུ་དུ་དུག་བདུག་ན་ཁྱོད་ལ་ཉེས་པ་ཅི་འདྲ་ཞིག་མི་ཆེའམ།

         སྔོན་ཐོན་མི་རིགས་དང་ཡ་རབས་མི་སྡེར་མཚོན་ན་དུ་བ་འཐེན་མཁན་རང་ཉིད་མི་ཚོགས་ལས་ཕྱིར་ཐོན་ནས་དུ་བ་འཐེན་དགོས་ན་ཡང༌། རྒྱ་ནག་དང་བོད་ཀྱི་སྤྱི་ཚོགས་ནང་ནས་དུ་བ་མི་འཐེན་པ་ཚོ་ཕྱི་ལོགས་སུ་འབྲོ་དགོས། ཡིན་ན་ཡང༌། ང་ནམ་ཡང་དུ་བའི་དཀྱིལ་འཁོར་ལས་མི་ཐར་ཏེ། ངའི་མགྲོན་པོ་དང་ངའི་གྲོགས་པོ། ངའི་ལས་གྲོགས། ཐ་ན་ངའི་ནང་མིའི་ནང་བཅས་མི་མང་པོའི་དུ་བ་ལྷོག་ལྷོག་གི་ཁ་སྒོ་ནས་ང་གང་དུ་འབྲོ།

 

          སྔོན་བྱོན་དམ་པ་ཚོས་དུ་བའི་ཉེས་དམིགས་མང་པོ་བགྲངས་ནས་འཕྲོད་བསྟེན་གྱི་བསླབ་བྱ་རྒྱུད་མར་གནང་ཡོད་ལ། དེང་སང་སྨན་པ་དང་ཚན་རིག་པ་སོགས་མཁས་པ་དང་སྔོན་ཐོན་མི་རིགས་དང་ཡ་རབས་མི་མང་པོས་དུ་བ་འཐེན་པར་སྔོན་འགོག་དང་འཛེམ་དོགས་བྱེད་ཀྱིན་ཡོད་ན་ཡང༌། ང་ཚོ་ཡ་རབས་ཆོས་ལྡན་བོད་པའི་གཞོན་སྐྱེས་མང་པོས་ཅི་ཡང་མ་གོ་མ་ཤེས་པ་ལྟར་ཐ་མག་འཐེན་རྒྱུ་ནི་ཕོ་རྒོད་ཅིག་གི་རྟགས་མཚན་ནམ་གསར་བུ་ཞིག་གི་དམིགས་བསལ་ཡོན་ཏན་ལྟ་བུར་བརྩི་ཞིང༌། འཛེམ་དོགས་དང་ཡ་ང་མེད་པར་གང་ས་གང་ནས་འཐེན་མཁན་ཡང་མངལྷག་པར་གྲྭ་ལོག་ཚོ ཁྱོད་ཚོར་ཡང་ཁག་མེད་དེ། མ་གཞི་ནས་ང་ཚོའི་མི་རིགས་འདི་རྗེས་ལུས་མི་རིགས་ཤིག་ཡིན་པས། ད་དུང་ཡང་དེང་རབས་ཀྱི་འཕྲོད་བསྟེན་སོགས་ཤེས་བྱ་མང་པོ་མི་ཤེས་ལ་ད་དུང་ཡང་རྗེས་ལུས་ཀྱི་བརྟུལ་ཞུགས་འཛིན་རྒྱུར་ངང་གིས་དགའ།

          ང་ཚོས་ཆེ་ས་ནས་མི་རིགས་རྗེས་ལུས་ཞེས་སྐད་རྒྱག་བཞིན་དུ་ཡང་རང་ཉིད་ཀྱིས་ཆུང་ས་ཞིག་ནས་ཀྱང་རྗེས་ལུས་ཀྱི་རྣམ་པ་བསྒྱུར་རྒྱུར་བསམ་གཞིགས་དང་ལག་ལེན་བྱེད་ཐུབ་ཀྱིན་མེད། ང་ཚོའི་གཤིས་ཀ་ནི་འདི་ལྟར་རང་ཉིད་མི་མཐོང་བར་རང་རིགས་ལ་སྨོད་པ་དང་གཞན་སྐྱོན་འཚོལ་རྒྱུ་དང་བཤད་རྒྱུར་ཤིན་ཏུ་དགའ་བ་ཞིག་མ་ཡིན་ནམ།

          མདོར་ན། གནད་དོན་འདི་ནི་དུ་བའི་ཉེས་དམིགས་ཙམ་མ་ཡིན་པར། དུ་འཐེན་དག་གི་བསམ་བློའི་དུག་རྫས་མི་མངོན་པ་ཞིག་ཡིན། དེ་བས་ཆོས་སེམས་སམ་ཡང་ན་དེང་རབས་སྤྱི་ཚོགས་ཀྱི་སྔོན་ཐོན་བསམ་བློ་གང་རུང་ཞིག་མེད་ན་ང་ཚོས་དུ་དུག་གི་དུག་རྒྱུན་ཙམ་ཡང་གཙང་སེལ་བྱེད་དཀའ་འོ། །

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།