སྒྱུར་མཁན་མཚམས་སྦྱོར།
གཤམ་གྱི<མ་ཎི>དབྱིན་སྒྱུར་གནང་མཁན་ནི། བདེ་སྦྱིན་བཟང་མོ་ལགས་དང། <མ་ཎི>དང<ང་ཚོ་མཉམ་དུ་འཕུར>ཧྥ་སྐད་ལ་སྒྱུར་གནང་མཁན་ཆོས་ཉིད་དབང་མོ་ལགས་ཡིན། ཁོང་གཉིས་ནི་རྒྱལ་ཡོངས་སྐད་ཡིག་སློབ་གླིང་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་གཙོ་གཞོན་ཡིན།
<མ་ཎི>དང<ང་ཚོ་མཉམ་དུ་འཕུར>ཞེས་པ་འདི་གཉིས་བདག་གི་ཉ་མ་རྒྱ་མོ་ཞིག་གིས་བསྒྱུར་བ་ཡིན།
<ཡི་གེ་དྲུག་མ>ཞེས་པའི་འགྱུར་འདི་བདག་གི་གྲོགས་པོ་སྙན་དངགས་པ་ཆེ་གེ་མོ་ཞིག་གིས་གསར་སྒྱུར་གནང་བ་ཡིན།
འདིར་ཁོང་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་ཡང་བདག་གི་སྙན་དངགས་སོགས་རྩོམ་ཡིག་འགའ་རེ་སྒྱུར་གནང་ཡོང་བའི་རེ་བ་ཞུ་གིན་ཡོད།