༄༅། །ཕ་རྒྱུད་  སྦྲ་ནག་ར་ལོ་ཚང།

 

 

          སྔོན་སོག་པོ་མདའ་གཅིག་གི་སྡེ་ཁྲོད་དུ་མདའ་ཚན་ཧོ་ཞོན་གྱི་བོད་སྡེ་སྦྲ་ནག་ཚོ་བ་ན་ལས་ལ་བརྩོན་ཞིང་གཤིས་རྒྱུད་དྲང་བ། ནང་སྡེ་འབངས་ལ་བྱམས་ཤིང་འཇིག་རྟེན་མི་ཆོས་ལ་མཁས་པའི་རྒད་པོ་དབང་རྒྱལ་ཚེ་རིང་ཟེར་བ་ཞིག་ཡོད། དེ་ལ་བུ་གཉིས་དང་བུ་མོ་གཅིག་ཡོད། བུ་གཉིས་ཀ་ལོ་ན་ཆུང་བའི་དུས་སྔ་གཞུག་ཏུ་གྲྭ་བ་བྱེད་བཅུག བུ་ཆེ་བར་བཤད་སྒྲུབ་དང་ཆུང་བར་འཕྲིན་ལས་ཟེར། དེ་གཉིས་ནར་སོན་པ་ན་ཡང་སྔ་གཞུག་ཏུ་སྐྱ་སར་བབས་པས། ཡུལ་མི་ཚོས་ཁོ་གཉིས་ལ་བཤད་སྒྲུབ་ར་ལོ་དང་ར་འཕྲིན་ཟེར། ར་ལོ་ཟེར་དོན་ནི་མགོ་ན་རལ་བ་མེད་པས་ཡིན།

          ༡༧༨༠ ལོ་ཡས་མས་སུ་ཕྱི་ཇག་རྐུན་གྱི་གནོད་པས་སོག་པོའི་སྡེ་ཁྲོད་དུ་ཕྱོགས་སོ་སོ་ནས་འཁྲུག་གཞི་མང་པོ་ལངས། དེའི་རྒྱུ་མཚན་ནི། སྐབས་དེའི་སོག་པོའི་རྒྱལ་པོ་ངག་དབང་ནས་རང་འོག་གི་སྡེ་བ་སོ་སོར་བཀའ་ཕབ་ནས་ཕྱིའི་ཇག་རྐུན་ལ་ཁ་གཡར་ནས་མི་སྲོག་གཅོད་པའི་ནག་ཉེས་བཟོ་མི་ཆོག་གསུངས་པས་རེད།

          ༡༧༨༤ ལོར་སྦྲ་ནག་ཚོ་བས་ཕྱི་ཇག་ལ་རྒོལ་ལན་དྲག་པོའི་དོན་རྐྱེན་བཟོས་པས་ཝང་ངག་དབང་ཐུགས་རྒྱལ་བཞེངས་ཏེ་ར་འཕྲིན་གྱི་གཙོས་མི་བཅོ་བརྒྱད་ལ་སྲོག་ཁྲིམས་བཅད་པར་སྐྱབས་མཆོག་འཇིགས་མེད་དབང་པོས་ངོ་ཆེན་གནང་ཡང་ཕན་མ་ཐོགས་པར་རེ་རེ་བཞིན་ཐག་པས་བཀྱིགས་ཏེ་ད་ལྟའི་གཡུ་སྒང་ཉིན་གྱི་སྒང་ཁང་ཆག་ཅེས་པར་རྩེ་ཆུའི་ནང་ལ་འཕངས། རྒྱུ་རྐྱེན་དེའི་དབང་གིས་བཤད་སྒྲུབ་ར་ལོས་རང་གི་ནུ་བོ་བསད་པའི་སྙིང་ནད་ཀྱིས་རྒྱལ་པོར་ངོ་རྒོལ་མཐར་ཐུག་བྱས་ཏེ། རང་སྡེའི་ཁྱིམ་འབངས་སུམ་བརྒྱ་ཙམ་ཁྲིད་དེ་འགུ་ལོག་ཕྱོགས་སུ་ཕྱིན་པས་ད་ལྟའི་ཨ་སྐྱོང་རྭ་ལོ་ཞེས་པའི་གཞིས་སྡེ་འདི་ཆགས། བཤད་སྒྲུབ་ལ་བུ་གཉིས་ཡོད་པའི་ཆེ་བར་ལྷ་མགོན་དང་ཆུང་བར་སྐར་མ་ཟེར། ལྷ་མགོན་ནི་སྐབས་དེར་ན་རིན་ཤི་རི་ན་ཡོད་པའི་རུ་སྡེ་བསང་གཞུང་ལ་སོང་ནས་འཇམ་དབྱངས་བཞད་པའི་ལྷ་སྡེ་བྱས་པའི་ཁྲོད་དུ་ཁོ་ཚེའི་ཁྱིམ་ཚང་འགའ་ཡོད་པ་དེའི་གཅིག་ཚང་ལ་མག་པར་བསྡད། དེ་རྗེས་ཁུ་བོའི་ཤ་ལན་རྩོད་ཆེད་ཁྲོ་ཁོ་ཆུ་ཁ་མའི་ས་ཆར་སོང་ནས་ཁྱིམ་གཞི་ཆགས་པས་ཡུལ་དེའི་མི་རྣམས་ཀྱིས་ཁོ་ཚེའི་ལྷ་མགོན་ཟེར།

          ཝང་ངག་དབང་སྐུ་གཤེགས་རྗེས། ཝང་བཀྲ་ཤིས་འབྱུང་གནས་ཀྱིས་ཕྱོགས་སོ་སོར་བང་ཆེན་དང་བཀའ་ཁྱབ་བཏང་སྟེ་སོག་སྡེ་ཁ་འཐོར་རྣམས་ཕྱིར་བསྡུས་ནས་སོ་སོའི་ཐོབ་ཐང་དང་གོ་གནས་གནང་བར་༡༨༢༠ ལོར་བཤད་སྒྲུབ་ཀྱི་བུ་ཆུང་སྐར་མ་ཡང་ཕྱིར་སྦྲ་ནག་ཚོ་བར་ཡོང། སྐར་མ་ལ་བྱིས་པ་མིང་སྲིང་ལྔ་ཡོད། སྐར་མ་ལ་སྦྲ་ནག་སྐར་སེར་ཡང་ཟེར། ཁོའི་བུ་མོ་ལྷ་མཚོ་ལ་བུ་བུ་མོ་བཞི་ཡོད། ཆེ་བ་ཐུབ་བསྟན། མགོན་པོ་མཚོ། བཀྲ་ཤིས་སྐྱབས། ཕྱུག་ཡག་མ་དང་བཞི་ཡིན།

          ཐུབ་བསྟན་ལ་བུ་གསུམ་ཡོད་པའི་ཆེ་བ་རྟ་མགྲིན་སྐྱབས་དང་ངའི་ཨ་མ་ཁོ་མོ་ལགས་གཉིས་དགའ་རོགས་ཆགས་ནས་ང་སྐྱེས། རྗེས་སུ་ལྷ་མཚོའི་བུ་མོ་མགོན་པོ་མཚོའི་བུ་བསྟན་པ་ཟེར་བ་ངའི་ཨ་མའི་མག་པར་གྱུར་པ་ནི་བདག་གི་ཕ་ཡར་མཐོ་རིས་བོ་སྦྲ་ནག་བསྟན་ཀོ་ལགས་སོ།།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།