ཉེ་ཆར་རྒྱ་གཞུང་དཔོན་རིགས་ནང་ཁུལ་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་སྟབས། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཕྱིར་འགྱངས་བྱ་རྒྱུར་བསྐྱར་དུ་གྲོས་བསྡུར་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ དང་ ༡༠ ཙམ་ལ་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་འགག་རྩའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཚོགས་གཏན་ཁེལ་ཡོད་ཀྱང་།  ཉེ་སྔོན་ཝང་ལི་ཅོན་དང་པའོ་ཞིས་ལའེ་གཙོས་རྒྱ་ནག་ཆབ་སྲིད་མི་སྣའི་ཁྲོད་འབར་གས་ལྟ་བུའི་དོན་རྐྱེན་རིམ་པར་བྱུང་རྗེས། རྒྱ་ནག་དམར་ཤོག་དཔོན་རིགས་ནང་ཁུལ་གྱི་དཔུང་ཁག་བར་དཔོན་རིགས་གསར་བ་འདེམས་སྒྲུག་དང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་འབོར་འཕར་ཆག་སོགས་ཀྱི་ཐད། ནང་ཁུལ་རྣོ་ངར་ལྡན་པའི་རྩོད་རྙོག་བྱུང་སྟེ་གཅིག་གྱུར་གྱི་གཏན་འབེབས་ཐག་གཅོད་གང་ཡང་མ་བྱུང་སྟབས། དམར་ཤོག་མཐོ་རིམ་དཔོན་རིགས་ནང་ཁུལ་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཕྱིར་འགྱངས་ཐད་བསྐྱར་དུ་གྲོས་བསྡུར་བྱ་དགོས་བྱུང་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༩ ཉིན་རོ་ཌིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེ་འདི་ལོའི་ཕྱི་ཟླ་ ༡༡ དང་། ཡང་ན་ལོ་རྗེས་མའི་ཕྱི་ཟླ་ ༡ བར་ཕྱིར་འགྱངས་བྱ་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་འདུག   རྒྱ་གཞུང་གི་འདས་པའི་ཚོགས་ཆེན་རིམ་པ་ ༥ ནང་ནས། སྐབས་ ༢ ལ་ཚོགས་ཆེན་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་རེད།  

རྒྱ་གཞུང་གི་ཚོགས་ཆེན་ཕྱིར་འགྱངས་བྱ་དགོས་དོན་གཙོ་བོ་ནི། སྐབས་རྗེས་མིའི་རྒྱ་གཞུང་དཔོན་རིགས་གསར་པ་རྣམས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐོག་འདེམས་སྒྲུག་ཁྱབ་བསྒྲགས་བྱས་རྗེས། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གཞི་ནས་སྲིད་དབང་འཛིན་དགོས་སྟབས། བར་བརྒལ་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་ཆེད་དང་། ཡང་ཕྱོགས་གཞན་ཞིག་ནས་ད་ལྟའི་དབང་འཛིན་དཔོན་རིགས་དག་གི་ལས་ཡུན་ཇེ་རིང་དུ་བཏང་སྟེ། མཐོ་རིམ་དཔོན་རིགས་ནང་ཁུལ་དུ་རྩོད་གཞིར་གྱུར་བའི་སྐབས་རྗེས་མའི་དཔོན་རིགས་གསར་འདེམས་ཐད་བསྐྱར་དུ་གྲོས་བསྡུར་གྱི་དུས་ཚོད་རག་ཆེད་ཡིན་འདུག 

དེང་སྐབས་ཧུའུ་ཡི་ཕྱོགས་གཏོགས་དཔོན་རིགས་དག་གིས་རྒྱ་གཞུང་གིས་ཆེས་མཐོའི་དབང་འཛིན་སྡེ་ཁག་སྟེ། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་དགུའི་གྲངས་ཚད་ཉུང་འཕྲི་བྱས་ཏེ་མི་ ༧ བཟོ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ཅཱང་ཤོག་ཁག་གི་དཔོན་རིགས་ཚོས་མི་ ༡༡ ལ་འཕར་སྣོན་བྱ་དགོས་པའི་རྩོད་རྙོག་བྱུང་ཡོད་འདུག གཞན་ཡང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་ཆེས་མཐོའི་གོ་གནས་སྲིད་འཛིན་དང་སྲིན་བློ་གཉིས་འདེམས་སྒྲུག་གཏན་འབེབས་ཟིན་ཡོད་པ་མ་གཏོགས། གཞན་པའི་ཆབ་སྲིད་ལྷན་ཁང་གི་ལས་གནས་རྣམས་ད་དུང་གཅིག་གྱུར་གྱི་འདེམས་སྒྲུག་གཏན་འབེབས་བྱ་ཐུབ་མེད་པར་ལྷག་ཡོད་འདུག 

གཞན་ཡང་། ཉེ་ཆར་རྒྱལ་སྤྱིའི་གནས་འཕྲིན་དྲ་རྒྱ་ཁག་ནང་། ད་ལྟའི་རྒྱ་གཞུང་ནི་དོན་གྱིས་དབུས་དམར་ཤོག་གཞུང་གཉིས་ཆགས་ཏེ་ནང་ཁུལ་ཁྱོ་ཤི་ང་གསོན་གྱི་ཆབ་སྲིད་བདག་དབང་འཕྲོག་རྩོད་རྙོག་འཛིང་ཁྲོད་ལྷུང་ཡོད་པ་དང་།  ཅཱང་ཤོག་ཁག་ལ་ཆབ་སྲིད་གནོན་ཤུགས་སྤྲོད་ཆེད་ཝུན་ཇ་པའོ་ཡིས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་བྱ་འཆར་བྱས་ཡོད་སྐོར་སོགས་གླེང་སློང་སྣ་ཚོགས་ཁྱབ་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་ཁག་གིས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཕྱིར་འགྱངས་ཀྱི་གནས་ཚུལ་ཐད་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ལ་དོགས་འདྲི་བྱས་ཡོད་ཀྱང་།  རྒྱ་གཞུང་གིས་ལན་འདེབས་གསལ་བྱེད་གང་ཡང་བྱས་མེད་པ་རེད།

རྒྱ་ནག་ཧྲན་ཏུང་གི་དམར་གཞུང་དྲ་བ་ཞིག་གི་སྟེང་། དམར་ཤོག་ཕམ་པར་བརྒྱབ་སྟེ་རྒྱ་ནག་གསར་བ་འཛུགས་དགོས་པའི་འབོད་ཚིག་སྦྱར་འདུག

ཕྱི་ཟླ་ ༤ ཚེས་ ༢༣ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཡཱས་ཡོན་རྫོང་གི་དམར་ཤོག་འཐུས་མིའི་སློབ་གྲྭའི་དྲ་བའི་སྟེང་། ༼དམར་ཤོག་ཕམ་པར་བརྒྱབ་སྟེ་རྒྱ་ནག་གསར་བ་འཛུགས་དགོས་༽ཞེས་པའི་འབོད་ཚིག་སྦྱར་ཡོད་པར་མ་ཟད། དྲ་ངོས་ཀྱི་རྒྱ་གཞུང་དམར་ཤོག་པའི་མཚོན་རྟགས་སྟེང་དུ་འཆུག་རྟགས་ནག་པོ་གཉིས་བརྒྱབ་ཡོད་པ་དང་། ད་ལྟ་གཞུང་འབྲེལ་དྲ་རྒྱ་དེའི་སྒོ་བརྒྱབ་སྟེ་ཀློག་ཐུབ་ཀྱི་མེད་པ་རེད། སྐབས་དོན་དབྱེ་ཞིབ་པ་དག་གིས་དེ་ནི་དྲ་རྒྱ་བརྒྱུད་རྒྱ་གཞུང་དམར་ཤོག་ལ་ངོ་རྒོལ་གྱི་ཐབས་ལམ་གསར་བ་ཞིག་ཡིན་པ་དང་། ངོ་རྒོལ་སྤེལ་མཁན་ནི་རྒྱ་རིགས་མང་ཚོགས་རྣམས་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག 

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ལེའོ་ཉིན་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ཀན་ཅིན་ཙི་ས་གནས་ཁྲིམས་སྲིད་ལྷན་ཁང་གི་དྲ་ངོས་སུའང་།  “རྒྱ་ནག་དམར་ཤོག་པ་རྩ་རྫོགས་བྱ་དགོས” སོགས་ཀྱི་པར་རིས་དང་འབོད་ཚིག་སྦྱར་ཡོད་འདུག  ཉེ་བའི་ཟླ་འདིའི་ནང་དྲ་རྒྱ་བརྒྱུད་རྒྱ་གཞུང་དམར་ཤོག་པར་ངོ་རྒོལ་གྱི་འབོད་ཚིག་སྤེལ་མཁན་བསྟུད་མར་བྱུང་ཡོད་པ་ལྟར།  རྒྱ་ནག་མང་ཚོགས་ཁྲོད་མངོན་གསལ་དོད་པོའི་ཐོག་ནས་རྒྱ་གཞུང་དམར་ཤོག་པར་ངོ་རྒོལ་འབོད་ཚིག་སྒྲོག་པའི་མགོ་དེ་ནི། ཕྱི་ལོ་ ༢༠༠༨ ལོར་ས་གནས་རྒྱ་རིགས་མང་ཚོགས་ཀྱིས་མི་རིགས་ཀྱི་དཔའ་རྒོད་ལ་ངོས་འཛིན་བྱེད་བཞིན་པའི་ཡཱང་ཀཱ་ལགས་རྒྱ་གཞུང་གིས་ཁྲིམས་ལ་སྦྱར་སྐབས། ཧྲང་ཧེ་མང་ཚོགས་ཀྱིས་༼དམར་ཤོག་པ་ཕམ་པར་རྒྱོབ་༽ ཞེས་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་ནས་བཟུང་རིམ་གྱིས་རྒྱ་རིགས་མང་ཚོགས་ཁྲོད་དམར་ཤོག་པར་ཁ་རྡུང་གཏོང་བའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

རྒྱ་ནག་ནི་འཛམ་གླིང་སྟེང་དྲ་རྒྱ་སྤྱོད་མཁན་གྱི་མི་གྲངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་མི་གྲངས་དུང་ཕྱུར་ ༥ དང་། ཟིན་བྲིས་འབྲི་མཁན་མི་གྲངས་དུང་ཕྱུར་ ༣ ཙམ་ཡོད་འདུག

གཟའ་ལྷག་པའི་ཉིན་ཡུན་ནན་རིན་ཧི་གྲོང་རྡལ་དུ་ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་འཛིངས་ཤོར་ཏེ། ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཝང་ཧྲ་ཡུང་དམར་གསོད་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཡུན་ནན་ལིས་ཅང་གྲོང་ཁྱེར་ཡུང་ཧྲིན་རྫོང་རིན་ཧི་གྲོང་རྡལ་དུ། ཞིང་པ་མང་ཚོགས་སྟོང་ཕྲག་ལྷག་གིས་རིན་ལི་སྲང་ལམ་དུ་ཡོད་པའི་ས་གནས་གྲོང་རྡལ་སྲིད་གཞུང་ཐོག་ཁང་གི་མཐའ་སྐོར་ཏེ། ཉེ་སྔོན་སོལ་གཏེར་སྔོག་འདོན་གྱི་རྐྱེན་པས་ས་གནས་མང་ཚོགས་ཀྱི་སྡོད་ཁང་ལ་གཏོར་སྐྱོན་ཐེབས་པའི་ཐད།  ས་གནས་སྲིད་གཞུང་གིས་དྲང་བདེན་ཐག་གཅོད་མ་བྱས་པར་རྡོ་སོལ་བཟོ་གྲྭའི་རྒྱབ་རྩར་ལངས་ཏེ་མང་ཚོགས་ལ་བཤུ་གཞོག་གཉའ་གནོན་བྱས་པར་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

སྐབས་དེར་སྤྱི་བདེ་ཉེན་རྟོག་རུ་ཁག་གི་མགོ་གཙོ་གཞོན་པ་ཝང་ཧྲ་ཡུང་གིས་དྲག་ཆས་ཉེན་རྟོག་རུ་དཔུང་གི་སྣེ་ཁྲིད་དེ་མང་ཚོགས་ལ་དྲག་གནོན་བྱས་པར་བརྟེན། ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་འཛིངས་ཤོར་ཡོད་པར་མ་ཟད། འཁྲུག་ཟིང་ཁྲོད་ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཝང་ཧྲ་ཡུང་ལ་གྲི་བཙུགས་ཏེ་དམར་གསོད་བཏང་ཡོད་པ་དང་། གཞན་པའི་ཉེན་རྟོག་པ་ ༡༥  ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག 

ཛ་དྲག་གནས་ཚུལ་དེ་བྱུང་རྗེས། ལིན་ཅཱང་དམིགས་བསལ་དྲག་ཆས་རུ་དཔུང་ཆེད་གཏོང་བྱས་ཏེ། འཁྲུག་ཟིང་ཁྲོད་ནས་ཉེན་རྟོག་པ་རྣམས་ཚུར་སྐྱབས་ཡོད་པ་དང་། མང་ཚོགས་ཀྱི་འདུ་འཛོམས་ཁ་འཐོར་དུ་བཏང་སྟེ་ཞི་འཇགས་བཟོས་ཡོད་ཀྱང་། ས་གནས་ཞིང་པ་མང་ཚོགས་མང་པོར་གཅར་རྡུང་རྨས་སྐྱོན་བཟོས་ཡོད་པར་མ་ཟད། ཞིང་པ་ ༡༠ ལྷག་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

གཞན་ཡང་།  ཉེན་རྟོག་ལས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཝང་ཧྲ་ཡུང་གྲོངས་རྗེས། ས་གནས་རྒྱ་གཞུང་གིས་ཁོ་ལ་མྱ་ངན་རྗེས་དྲན་གྱི་དུར་མཆོད་ཅིག་ཀྱང་བྱས་འདུག

རིན་ཧི་གྲོང་རྡལ་ལ་མི་གྲངས་ ༢༥༠༠༠ དང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༥༥ ཡོད་ལ།  རྒྱ་གཞུང་གིས་གྲངས་ཉུང་མི་རིགས་དབྱེ་བགར་གྱི་མིང་འབོད་སྟངས་ལྟར་བྱས་ན། ས་ཁུལ་དེར་ཡའུ་རིགས་དང་། ཏའེ་རིགས། ལིའུ་རིགས་གསུམ་གྱི་མི་འབོར་གྲངས་  ༡༣༠༠༠ ལྷག་ཡོད་འདུག 

 

ཁ་སང་དགོང་མོ་པའོ་ཞིས་ལའེ་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་མ་བྱས་པའི་སྔོན་ལ། ཁྲུང་ཆིན་གྲོང་ཁྱེར་ནང་མི་མང་འདུ་འཛོམས་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་བྱུང་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་རྒྱ་ནག་དབུས་གཞུང་གིས་དེ་སྔའི་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཞིས་ལའེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ཉིན་དེའི་ཉིན་རྒྱབ་ཙམ་ལ་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་ཝན་ཁྲིན་ས་ཁུལ་གྱི་སློབ་ཕྲུག་དང་མི་མང་ཉིས་ཁྲི་ལྷག་གིས་ལག་ཏུ་ ༼ཝན་ཁྲིན་ས་ཁུལ་ང་ལ་ཕྱིར་སྤྲོད༽ ༼ང་ཚོས་ཟ་མ་བཟའ་དགོས་ཀྱི་འདུག༽ ཞེས་པའི་འཕྲེད་དར་འཕྱར་ཏེ། ཁྲོམ་གཞུང་དུ་གཞི་རྒྱ་ཆེ་བའི་འདུ་འཛོམས་གོམ་བགྲོད་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། སྐབས་དེར་ས་གནས་གཞུང་གིས་དྲག་ཆས་ཉེན་རྟོག་དམག་མི་སྟོང་ཕྲག་འགའ་ཆེད་གཏོང་གིས། མང་ཚོགས་ཁྲོད་མིག་སྦྲིད་དུག་རླངས་འགལ་རྫས་སོགས་གཏོར་ཏེ་མི་མང་འདུ་འཛོམས་ཁ་འཐོར་དུ་གཏོང་ཐབས་བྱས་ཡོད་ཀྱང་། མང་ཚོགས་ཀྱི་ངོ་རྒོལ་འགོག་མ་ཐུབ་པར་མཚན་ཡོལ་བར་ངོ་རྒོལ་འདུ་འཛོམས་མུ་མཐུད་བྱུང་ཡོད་འདུག 

ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དབུས་གཞུང་མཐོ་རིམ་དཔོན་རིགས་ཀྱིས་དྲག་གནོན་དགོས་པའི་བཀའ་རྒྱ་བཏང་བ་ལྟར། དྲག་ཆས་ཉེན་རྟོག་དམག་མིས་མང་ཚོགས་ཐོག་དྲག་གནོན་བྱས་ཏེ། བཙན་ཤུགས་ཀྱིས་མི་ཚོགས་ཁྲོམ་གཞུང་ནས་ཕྱིར་འདེད་ཀྱིས་ངོ་རྒོལ་ཞི་འཇགས་སུ་བཏང་ཡོད་ཀྱང་། དྲག་གནོན་ཁྲོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག 

གྲོང་ཁྱེར་ཡུལ་མི་ཞིག་གིས་གསར་ལམ་ཁག་ཏུ། ངོ་རྒོལ་ཡར་ལངས་དེའི་བྱུང་རྐྱེན་གཙོ་བོ་ནི། དེ་སྔོན་ཁྲུང་ཆིན་གྲོང་ཁྱེར་ས་གནས་སྲིད་གཞུང་གིས་ཝན་ཁྲིན་ས་ཁུལ་དང་ཆིས་ཅང་རྫོང་གཉིས་ཟླ་སྒྲིལ་བཏང་སྟེ། ཝན་ཁྲིན་ས་ཁུལ་གྱི་ཡུལ་མིའི་ས་ཆའི་བདག་དབང་བཙན་འཕྲོག་བྱས་པར་བརྟེན་ནས། ས་གནས་མང་ཚོགས་ལ་རྒས་གསོའི་ཕོགས་དང་འཕྲོད་བསྟེན་ཁག་ལེན་མ་དངུལ་བཅས་མ་རག་པར་མི་མང་གི་འཚོ་བར་དཀའ་ངལ་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག 

 

ཡིན་ནའང་། རྒྱ་ནག་གནད་དོན་ཉམས་ཞིབ་པ་ལིས་ཏཱ་ལགས་ཀྱིས་ངོ་རྒོལ་དེའི་རྒྱབ་ལོག་ཏུ་གནད་དོན་གཞན་ཞིག་ཡོད་པར་ངོས་འཛིན་དང་། ཉེ་ཆར་ཧུའུ་ཝུན་མཉམ་འབྲེལ་ཐོག་པའོ་ཞིས་ལའེ་ཡི་གོ་གནས་ཕྱིར་བསྡུའི་གནད་འགག་གི་སྐབས་འདིར།  འབྲེལ་ཡོད་ཡིག་ཆ་ཁག་རྫོང་རིམ་པའི་བར་དུ་བརྒྱུད་སྒྲོག་བྱས་ཏེ། རྒྱ་ནག་རྒྱལ་ཡོངས་གོང་འོག་ཚང་མ་འུར་འུར་ཟང་ཟིང་གི་གནས་སྟངས་ཆགས་བཞིན་ཡོད་ལ།  དེ་དང་བསྟུན་ནས་པའོ་ཞིས་ལའེ་ཡི་དབང་ཤུགས་བསྟི་གནས་ཁྲུང་ཆིན་གྲོང་ཁྱེར་དུ་ངོ་རྒོལ་ཡར་ལངས་བྱུང་བ་དེ་ནི། ཧུའུ་ཝུན་གཉིས་ལ་ཁ་གཏད་གཅོག་ཐབས་ཤིག་ཡིན་སྲིད་ལ། དུས་སྐབས་འདི་དང་བསྟུན་ནས་ཚད་བརྒལ་གྱི་དམག་ཤུགས་བེད་སྤྱོད་དང་། དོན་རྐྱེན་གྱི་རྒྱབ་ལོག་ཏུ་སྟོབས་ཤུགས་གང་རུང་ཞིག་གིས་ངོ་ལོག་བྱེད་བཞིན་ཡོད་སྲིད་པའི་དོགས་སློང་གནང་ཡོད་པ་རེད།

 

དེ་རིང་ཕྱི་ཚེས་ ༡༡ ཉིན། རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་མིང་ཐོག་ནས་པའོ་ཞིས་ལའེ་ལ་ཞིབ་བཤེར་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་ཏེ། གཏིང་ཟབ་པོའི་སྒོ་ནས་རྒྱ་ནག་དབུས་དམར་གཞུང་གི་ཐག་གཅོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཤེས་ཟབ་མོ་ལྡན་པའི་ཐོག་ནས། རང་འགུལ་གྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་དྲུང་ཆེ་ཡིན་པའི་རྒྱ་ནག་དམར་གཞུང་དང་ལངས་ཕྱོགས་གཅིག་འཛིན་དགོས་པ་དང་། བསམ་བློའི་འདུ་ཤེས་དང་ལག་ལེན་གཅིག་གྱུར་ཐོག་དབུས་གཞུང་གི་ལམ་ཕྱོགས་སུ་བསྐྱོད་དེ།  བློ་རིག་དང་སྙིང་སྟོབས་ཡོད་ཚད་བཅོས་སྒྱུར་གྱི་ཕྱོགས་སུ་གཏད་དགོས་སྐོར་བརྗོད་འདུག 

ས་གནས་གྲོང་ཁྱེར་ཡུལ་མི་ཞིག་གིས་ཀྱང་གསར་ལམ་ཁག་ཏུ།  "གཞི་རིམ་གྲོང་ཁྱེར་མི་མང་རྣམས་འདི་ལྟར་དུས་གཅིག་ཏུ་གློ་བུར་མཉམ་འཛོམས་ཀྱིས་ངོ་རྒོལ་ཡར་ལངས་འབྱུང་རྒྱུ་ཁག་པོ་རེད། གཅིག་བྱས་ན་འདིའི་རྒྱབ་ལོག་ཏུ་སྟོབས་ཤུགས་གང་རུང་ཞིག་གིས་བརྒྱུད་སྐུལ་བྱེད་ཀྱིན་ཡོད་སྲིད་པ་རེད" ཅེས་བརྗོད་འདུག

 

ཕྱི་ཚེས་ ༩ ཉིན་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་ཧུའུ་ཅིན་ཐའོ་དང་། ཅཱ་ཆིན་ལིན། ཞིས་ཅིན་ཕེན། ལི་ཁི་ཆཱང་བཅས་ཀྱིས་མཉམ་དུ་འཛམ་གླིང་ཕྱི་སྡོད་རྒྱ་རིགས་མཛའ་འབྲེལ་ཚོགས་འདུའི་འཐུས་ཚབ་རྣམས་ལ་ཐུག་འཕྲད་སྣེ་ལེན་བྱས་ཡོད་ཀྱང་།  སྐབས་དེར་ཅཱང་གི་ཕྱོགས་གཏོགས་ཝུ་པང་ཀོ་དང་། ཧི་གོ་ཆང་། ཀྲུག་ཡུང་ཁཱང་། ལིས་ཁྲང་ཁྲོན་བཅས་གཅིག་ཀྱང་བཅར་མེད་པར་མ་ཟད། ཉེ་ཆར་རྒྱ་ནག་བཅིངས་འགྲོལ་ཚགས་པར་སྟེང་སྤྱི་ཁྱབ་དྲུང་ཆེ་ནི་རྒྱ་གཞུང་དམར་ཤོག་སྲིད་གཞུང་གི་གོ་གནས་མཐོ་ཤོས་དེ་ཡིན་ཡང་། ཆེས་མཐོའི་དབང་འཛིན་སྡེ་ཁག་མིན་ཚུལ་གྱི་དཔྱད་གཏམ་ཅིག་སྤེལ་ཏེ། ཧུའུ་ཅིན་ཐའོ་ལ་ཡོད་ཚད་སྟངས་འཛིན་གྱི་དབང་ཚད་མེད་པའི་སྐོར་གླེང་སློང་བྱས་ཡོད་པ་རེད། 

གཞན་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དབུས་གཞུང་གིས་པའོ་ཞིས་ལའེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་མ་ཐག  ཁྲུང་ཆིན་གྲོང་ཁྱེར་ནང་མི་མང་གིས་ཤོག་སྦག་རྒྱག་པ་དང་།  ཟས་སྟོན་བཤམས་ཏེ་མཉམ་འཛོམས་སྤྲོ་སྐྱིད་གཏོང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག

 

 སྤྱི་ཟླ་༢པའི་ཚེས་༢༩ཉིན་གྱི་ཕྱི་དྲོ་སྐབས་ བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ གི་གྲོས་ཚོགས་ཐེངས་༢༥པས་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས་པེ་ཅིན་མི་དམངས་ ཚོགས་ཁང་ཆེན་མོར་མཇུག་བསྒྲིལ་ཡོད་པ་རེད། གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྭངས་གཙང་ཐོན་སྐྱེད་སྐུལ་འདེད་བཅའ་ཁྲིམས་བཟོ་ བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་གྲོས་འཆམ་བྱུང་བ་དང་། ཝུའུ་པང་གོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་ པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨའོ་མོན་ དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤྱི་ལོ་༢༠༡༣ལོའི་ཁྲིམས་འཛུགས་ཁང་ཐོན་པའི་བྱ་ ཐབས་དང་། སྤྱི་ལོ་༢༠༡༤ལོའི་སྲིད་འཛིན་དཔོན་གདམས་ཐོན་བྱ་ཐབས་ཀྱི་འབྲེལ་ཡོད་གནད་དོན་ གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད་པ་རེད།
  གྲོས་ཚོགས་ཐོག་བརྡས་ཐག་བཅད་ པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོངས་ བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་མིག་སྔར་དངོས་ ཞུགས་འཐུས་མི་༢༩༧༨ཡོད་པ་རེད།
  གྲོས་གཞི་ཁག་བརྡས་ཐག་བཅད་ དེ་གྲོས་འཆམ་བྱུང་རྗེས་ཝུའུ་པང་གོ་ཡིས་གསུང་བཤད་གནང་བ་དང་། ཁོང་གིས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ འཚོགས་གྲབས་ཡོད་པའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ གྱི་གྲོས་ཚོགས་ཐེངས་ལྔ་པའི་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་པ་དང་། མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཟླ་བ་གཅིག་རིང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒོ་ནས་ལས་དོན་ འབོར་ཆེན་བསྒྲུབས་ཡོད། དེར་བརྟེན་ཚང་མས་མུ་མཐུད་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། བསམ་པའི་རྣམ་པ་ཧ་ཅང་ཡག་པ། དོ་ནན་པའི་ལས་ཀའི་རྣམ་འགྱུར་བཅས་རྒྱུན་འཁྱོངས་ཀྱིས་ཞབས་ཞུའི་འགན་སྲུང་ལས་ དོན་ཁག་ཡག་པོ་བསྒྲུབས་ཏེ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་བདེ་བླག་ངང་སྐོང་འཚོག་བྱེད་རྒྱུ་འགན་ སྲུང་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་།
  ཝུའུ་པང་གོ་ཡིས། འཚོག་གྲབས་ཡོད་པའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ གྱི་གྲོས་ཚོགས་ཐེངས་ལྔ་པ་ནི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་ རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། རྒྱལ་ནང་གི་བསྒྱུར་བཅོས་སྒོ་དབྱེ་དང་བརྟན་ལྷིང་གི་ལས་འགན་དཀའ་ཚེགས་ཆེ་བའི་ རྒྱབ་ལྗོངས་འོག་སྐོང་འཚོགས་བྱས་པའི་གལ་ཆེའི་གྲོས་ཚོགས་ཤིག་ཡིན་པས་རྒྱལ་ཁབ་ ཕྱི་ནང་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་ཐུབ་པ་བྱེད་རྒྱུ་དེས་ཀྲུང་དབྱང་གི་གལ་ཆེའི་ ཐབས་ཇུས་བྱ་ཐབས་ཁག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་རིག་དང་སྟོབས་ཤུགས་སྔར་བས་གཅིག་ སྒྲིལ་བྱས་ཏེ་དཔལ་འབྱོར་བརྟན་ལ་མགྱོགས་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་གི་འགོ་འཛུགས་རྣམ་པ་ཡག་པོ་སྲ་བརྟན་ དང་གོང་འཕེལ་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་འཚོག་བྱེད་རྒྱུར་བསུ་བ་ཞུ་རྒྱུར་གལ་འགངས་ཧ་ ཅང་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཀྲུང་དབྱང་གིས་དུས་བབ་དབྱེ་ཞིབ་དང་བརྡར་ ཤ་གཅོད་རྒྱུ་དང་། ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཐད་འཇོག་དགོས་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། ཁྲིམས་ལྟར་ལས་དོན་ནན་པོ་བསྒྲུབས་པ། སྙན་ཞུ་དང་གྲོས་གཞི་ཁག་ཞིབ་གྲོས་ནན་ཏན་བྱེད་པ། འཐུས་མིའི་བསམ་འཆར་གང་ལེགས་ཀྱིས་ཉན་པ། རང་འགུལ་གྱིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ་བཅས་བྱས་ཏེ་འཐུས་མི་ཡོངས་དང་ མཉམ་དུ་འབད་བརྩོན་ཆེན་པོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དེ་དམངས་གཙོ་དང་། མཐུན་སྒྲིལ། དངོས་བསྒྲུབས། ཡར་བསྐྱོད་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་སྐོང་འཚོགས་བྱེད་དགོས་ཞེས་ནན་བཤད་གནང་ ཡོད་པ་རེད

རྒྱ་གཞུང་གིས་ཤིན་ཅང་ནང་དམག་མི་ ༨༠༠༠ བསྡུ་རུབ་བྱས་ཏེ།  སྡེ་བ་རེའི་ནང་ཉུང་མཐར་དམག་མི་རེ་གདན་སྡོད་ཀྱི་དམ་དྲག་སྲིད་ཇུས་ལག་བསྟར་བྱ་བཞིན་འདུག

ཉེ་ཆར་རྒྱ་གཞུང་གིས་ཤིན་ཅང་ས་ཁུལ་གྱི་གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་། གཞི་རིམ་སྡེ་བ་སོ་སོའི་ནང་ཉེན་རྟོག་ལས་ཁུངས་རེ་གསར་འཛུགས་ཀྱི་མགོ་བརྩམས་ཤིང་། ཉེན་རྟོག་དམག་མི་ ༨༠༠༠ ལྷག་བསྡུ་རུབ་ཀྱིས་སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། ཡང་ན། དམག་མི་འགའ་རེ་གཏན་སྡོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཤིན་ཅང་གི་ས་ཁུལ་སོ་སོའི་ནང་མང་ཚོགས་ཀྱི་འགྲུལ་བཞུད་ལ་ལྟ་རྟོག་དྲི་གཅོད་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་བའི་བཀག་སྡོམ་གྱི་སྲིད་ཇུས་སྤེལ་མགོ་བརྩམས་འདུག

ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཤིན་ཅང་རང་སྐྱོང་ལྗོངས་ས་གནས་རྒྱ་གཞུང་དམར་ཤོག་རྒྱུ་ལས་ཀྱིས་ཐག་གཅོད་ལྟར། ད་ལོ་ཤིན་ཅང་ནང་ཉེན་རྟོག་དམག་མི་ ༨༠༠༠ ལྷག་བསྡུ་རུབ་ཀྱིས་གཞི་རིམ་ས་ཁུལ་ཁག་ནང་། “སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། སྡེ་བ་རེའི་ནང་དམག་མི་འགའ་རེ་”  ཡི་སྲིད་ཇུས་གསར་བ་ལག་བསྟར་བྱས་ཏེ། གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་། སྡེ་བ་ཁག་ནང་ཉེན་རྟོག་ཁང་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཆེད་མངགས་ཉེན་རྟོག་དམག་མི་ ༣ དང་དམངས་དམག་ ༦ ལས་མི་ཉུང་བའི་མཉམ་འབྲེལ་རུ་ཁག་བཙུགས་ཏེ། གཞི་རིམ་གྲོང་སྡེ་དང་ས་ཁུལ་ཁག་ནང་སྐོར་བསྐྱོད་ཀྱིས་མང་ཚོགས་ཀྱི་འགྲུལ་བཞུད་ཐད་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་གྱི་ལས་གཞིར་ཤུགས་བསྣན་དེ་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་གཞུང་གིས་ཤིན་ཅང་ནང་དམག་མིས་དམ་དྲག་སྒྲིག་གཞི་སྔར་བས་ཤུགས་ཆེ་གཏོང་བཞིན་པའི་ཐད། འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཏིས་ལིས་ཞཱ་ཏིས་ཀྱིས། “ ང་ཚོས་ངོས་འཛིན་ནི་རྒྱ་ནག་གཞུང་ལ་ཤིན་ཅང་གི་གནད་དོན་སེལ་འདོད་ཀྱི་ལྷག་བསམ་རྩ་བ་ནས་མི་འདུག  དེང་སྐབས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་གི་ལས་གཞི་དེ་དག་གིས་ཡུ་གུར་མི་མང་ལ་ཆབ་སྲིད་ཀྱི་འཇིགས་འཇིགས་སྣང་ཞིག་སྐྱེད་བཞིན་ཡོད་ལ། ཅང་ཤིང་ནང་ཟང་ཟིང་འབྱུང་རྐྱེན་མཐའ་དག་ནི་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་དེ་དག་ལ་བརྟེན་ནས་བྱུང་བ་རེད། ” ཅེས་བརྗོད་པར་མ་ཟད། ཁོང་གིས་གལ་སྲིད་རྒྱ་གཞུང་ལ་ལྷག་བསམ་རྣམ་གི་ཐོག་ནས་གནད་དོན་སེལ་འདོད་ཡོད་ན། ཐོག་མར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཡུ་གུར་མི་རིགས་ལ་ཆབ་སྲིད་ཐད་ནས་རང་དབང་གདམ་ག་བྱ་རྒྱུའི་དབང་ཆ་ཡོད་པ་དེར་བརྩི་བཀུར་བྱ་དགོས་པ་དང་། གཉིས་ནས་དཔལ་འབྱོར་ལམ་ལུགས་ཐད་ནས་རང་མོས་སྒྲིག་འགོད་ཀྱི་ཁེ་དབང་སྤྲོད་དགོས་པ་ནན་བརྗོད་བྱས་འདུག

ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་དམག་མི་ ༣༠༠༠ ལྷག་ཤིན་ཅང་གཞི་རིམ་ས་ཁུལ་ཁག་ནང་ཆེད་གཏོང་འགྲེམས་འཇོག་བྱས་ཡོད་འདུག དེང་སྐབས་ས་གནས་ཡུ་གུར་མི་རིགས་ཀྱིས་ཤིན་ཅང་ས་ཁུལ་ནང་ཡོད་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༤༠ མ་གཏོགས་ཟིན་གྱི་མེད་པ་རེད། 

 

ཟླ་ ༡༢ ཚེས་ ༣༠ ཉིན་བོད་ལྗོངས་ཆ་འཕྲིན་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་(Belgium)གྱི་རྒྱལ་སའི་ཚོགས་ཁང་ཞིག་ཏུ་བོད་རྒྱའི་གནད་དོན་དང་། བོད་མིའི་ཐོབ་ཐང་། ད་ལོར་བོད་ནང་རང་ལུས་མེར་བསྲེགས་བཏང་བ་བཅས་ཀྱི་ཐོག་གཏམ་བཤད་ཅིག་བྱས་ཡོད་པ་འདིར་བཤུ་འགོད་བྱས་ཡོད། ༼  ཀྲུའུ་ཝེ་ཆུན། ངས་ཐོག་མར་ཀྲུང་གོའི་བོད་ལྗོངས་དང་འབྲེལ་བའི་གནས་ཚུལ་འགའ་ངོ་སྤྲོད་བྱེད་རྒྱུ་ ཡིན་ལ། དེ་ནས་ཁ་ཟས་ལ་རོལ་བའི་བར་སྐབས་སུ་ཁྱེད་ཅག་གི་དྲི་བར་ལན་འདེབས།

        ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ༦༠འཁོར་བའི་ལོ་ཡིན། ལོ་ངོ་༦༠ཡི་ཚུན་ལ་ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་ལ་བྱ་བ་མང་པོ་བསྒྲུབས་ ཡོད། དེ་མདོར་བསྡུས་ནས་བཤད་ན་དོན་ཆེན་གསུམ་བསྒྲུབས་ཡོད་དེ། དོན་ཆེན་དང་པོ་ནི་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང༌། དུས་དེ་ནས་བཟུང་སྟོབས་ཤུགས་གང་རུང་ཞིག་གིས་བོད་ལྗོངས་དང་ཀྲུང་གོ་གཉིས་ཁ་ བྲལ་དུ་གཏོང་འདོད་པའི་བསམ་དོན་དེ་ནམ་ཡང་འགྲུབ་མི་སྲིད་པར་གྱུར། ཞི་བས་བཅིངས་འགྲོལ་བཏང་བ་ནི་བོད་མིའི་ཐོབ་ཐང་བྱ་གཞག་སྟེང་གི་ཡར་རྒྱས་ཆེན་ པོ་ཞིག་ཡིན། རྒྱུ་མཚན་ནི་མིའི་ཐོབ་ཐང་རྨང་གཞི་བྱས་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་བདག་དབང་ལ་ ཁག་ཐེག་ཐོབ། ལོ་རྒྱུས་སུ་ཡང་གལ་སྲིད་བཙན་རྒྱལ་རིང་ལུགས་པ་གང་གིས་བཙན་འཛུལ་ དང༌། གཉའ་གནོན་བཏང་ཙ་ན། བོད་མིའི་ཐོབ་ཐང་གི་བྱ་གཞག་ཞེས་པ་ཡང་ཡེ་ནས་མེད་ཅེས་གསལ་བོར་འཁོད་ཡོད།

        དོན་ཆེན་གཉིས་པ་ནི་༡༩༥༩ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གཙོ་བྱས་པའི་ གོང་རིམ་དབང་བསྒྱུར་ཚོགས་པ་ཉུང་ཤས་ཤིག་གིས་ངོ་ལོག་ཟིང་འཁྲུག་བསླངས་པ་ཞི་འཇགས་སུ་བཏང་རྗེས། བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་མངོན་དུ་གྱུར་ནས་ལོ་བརྒྱ་ཕྲག་རིང་ལ་རྒྱུན་བསྐྱངས་པའི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ ལུགས་རྩ་གཏོར་དུ་བཏང༌། དུས་དེ་ནས་བཟུང་བོད་ལྗོངས་དེ་ཉིད་ཀྲུང་གོའི་ས་ཁུལ་གཞན་དག་དང་འདྲ་བར་སྤྱི་ ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གསར་བར་ཞུགས། དེའི་ཕྱིས་སུ་བོད་ལྗོངས་སུ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་འདོད་ཀྱང་ནམ་ཡང་སྲིད་པ་མིན།

 དམངས་གཙོ་བཅོས་བསྒྱུར་བརྒྱུད་དེ་ ཞིང་བྲན་ཁྲི་ཚོ་ལ་མིའི་ཐོབ་ཐང་ཐོབ། དེ་ནི་ཀྲུང་གོ་དང༌། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྟེང་ཧ་ཅང་གལ་ཆེ་ཞིང༌། ཤུགས་རྐྱེན་ཆེན་པོ་ཐེབས་པའི་དོན་དག་གལ་ཆེན་ཞིག་ཡིན། 

      དོན་ཆེན་གསུམ་པ་ནི། ང་ཚོས་བོད་ལྗོངས་སུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་བཙུགས་པ་དང༌། དུས་རབས་ཕྱེད་ཙམ་གྱི་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས་མགྱོགས་པོར་འཕེལ་བ་དང༌། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁག་གི་འགན་སྲུང་དང་དེ་ཇེ་ལེགས་སུ་གཏོང་བ་ མངོན་དུ་གྱུར་ཡོད།

      ལས་ཀའི་དགོས་དབང་གིས་ང་རང་བོད་ལྗོངས་སུ་ཧ་ལམ་ཐེངས་༤༠ལྷག་ལ་བསྐྱོད་མྱོང༌། ད་ལོའི་ནང་ང་རང་ཐེངས་ལྔ་ལ་སོང༌། ཐེངས་རེར་བོད་ལྗོངས་སུ་བསྐྱོད་དུས་ངས་བོད་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ སོང་བ་མངོན་གསལ་ཡིན་པ་དང༌། དམངས་གཙོའི་ཐོབ་ཐང་ལ་འགན་སྲུང་ཐོབ་ཡོད་པ་བཅས་མཐོང་ཐུབ།  ངས་ འདི་ནས་རྩ་བའི་རྩིས་གྲངས་འགའ་དྲངས་ནས་བཤད། མ་གཞི་རྩིས་གྲངས་ནི་ཆོ་མེད་བྲོ་མེད་ཀྱི་ཚིག་རོ་སྐམ་པོ་ཞིག་ཡིན་ན་ཡང༌། དེ་ནི་ཀྲུང་གོ་སྲིད་གཞུང་དང་བོད་ལྗོངས་མི་དམངས་ཀྱིས་འབད་འབུངས་ཆེན་པོ་བྱས་ ནས་བླངས་པའི་གྲུབ་འབྲས་ཡིན། ༢༠༠༦ལོ་ནས་༢༠༡༠ལོའི་བར་གྱི་ཀྲུང་གོའི་ལོ་ལྔ་ཚན་བཅུ་གཅིག་པའི་རིང་དུ། ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་འཛུགས་སྐྲུན་གྱི་ཐད་ལ་མ་དངུལ་སྒོར་དུང་ ཕྱུར་༡༣༧༨བཏང་ནས་རྒྱབ་སྐྱོར་མཛད། ༢༠༡༡ལོ་ནས་༢༠༡༥ལོའི་བར་གྱི་ཀྲུང་གོའི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་ སྐབས་སུ། བོད་ལྗོངས་ཐད་བཏང་བའི་མ་དངུལ་ཁྱོན་སྡོམ་སྒོར་དུང་ཕྱུར་༣༣༠༠བཏང་ཞིང༌། དེ་ནི་ལོ་ལྔ་ཚན་བཅུ་གཅིག་པ་དང་བསྡུར་ན་ལྡབ་གཅིག་གིས་ཇེ་མང་དུ་བཏང་ཡོད། ༢༠༡༡ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་རྩིས་བརྒྱབ་ན་ ཕལ་ཆེར་སྒོར་དུང་ཕྱུར༦༠༥ལ་སླེབས་པ་དང༌། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་༡༢  ༦ འཕར། བསྟུད་མར་ལོ་༡༩ཡི་ནང་གྲངས་གནས་གཉིས་ཀྱིས་འཕར་བའི་རྒྱུན་བསྐྱངས་ཡོད། གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་སྒོར་༡༦༡༤༨ལ་སླེབས་ཐུབ་ པ་དང༌། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི༧  ༨ ཇེ་མང་དུ་སོང་ཡོད། དེ་ལས་ང་ཚོས་རོང་འབྲོག་མང་ཚོགས་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། རྒྱུ་མཚན་ནི་བོད་ལྗོངས་སུ་ འཚོ་གནས་ཆ་རྐྱེན་ཧ་ཅང་ཞེན་པ་ནི་རོང་འབྲོག་མང་ཚོགས་ཡིན། ད་ལོར་མི་རེའི་ཆ་སྙོམས་ཀྱི་ཁེ་གཙང་ཡོང་འབབ་སྒོར་༤༧༠༠ལ་སླེབས་ཐུབ་ཡོད་པ་དང༌། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་༡༣  ༦ འཕར། བསྟུད་མར་ལོ༩ཡི་ནང་གྲངས་གནས་གཉིས་ཀྱིས་འཕར་བའི་རྒྱུན་བསྐྱངས་ཡོད། ཀྲུང་གོ་སྲིད་གཞུང་གིས་དེ་སྔོན་གྲོས་ཚོགས་གལ་ཆེན་ཞིག་འཚོགས་ཏེ། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཚད་གཞི་དེ་སྔོན་ཆད་ཀྱི་སྒོར༡༡༩༦ ནས་༢༣༠༠རུ་ཇེ་མང་དུ་བཏང་ཡོད། དེས་ང་ཚོས་དབུལ་སྐྱོར་གསར་སྤེལ་གྱི་ལས་ལ་དཀའ་གནད་ཅིག་བསྣན་ཡོད་ན་ཡང་ངེས་པར་ དུ་བསྒྲུབ་དགོས་པ་ཡིན། སྒོར་༢༣༠༠དེ་ནི་མི་རེའི་ཆ་སྙོམས་ཀྱི་ཉིན་རེའི་ཡོང་འབབ་ཨ་རིའི་སྒོར་༡ཡིན་ལ། རྒྱལ་སྤྱིར་སྤྱོད་པའི་ཚད་གཞི་ལས་ཀྱང་མཐོ། བོད་ལྗོངས་ཀྱི་རོང་འབྲོག་མི་སེར་གྱི་མི་རེའི་ཆ་སྙོམས་ཀྱི་ཁེ་གཙང་ཡོང་འབབ་ སྒོར་༤༧༠༠ལ་སླེབས་ཡོད་པས་སྤྱིའི་ཆ་ནས་དབུལ་ཕོངས་ཀྱི་འཚོ་བ་དང་རིང་དུ་གྱེས་ པ་མཚོན་ཡོད། གཞན་ཡང་ང་ཚོ་བོད་ལྗོངས་ཀྱི་སློབ་གསོ་དང༌། འཕྲོད་བསྟེན་བྱ་གཞག་སོགས་ཀྱང་ཡར་ངོས་ཟླ་ལྟར་འཕེལ་བཞིན་ཡོད། ཆེས་སྤྱིར་བཏང་གི་གྲངས་ཀ་ཞིག་ནི་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དེ་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་སྐབས་ཀྱི་ལོ༣༥  ༥ ནས་ད་ལྟའི་ལོ༦༩ལ་འཕར་བ་དང༌། སྤྱིའི་མི་གྲངས་ཁྲི༡༠༠ནས་ཁྲི༣༠༠ལ་འཕར་ཡོད། ནང་སྒོས་སུ་བསྟན་དགོས་པ་ཞིག་ནི། མི་ལ་ལས་བཤད་པ་ལྟར། མི་གྲངས་ཇེ་མང་དུ་སོང་བ་ནི་རྒྱ་མི་ནང་དུ་སླེབས་པ་མང་པས་ཡིན་ཞེས་ཤོད་པ་ལྟ་ བུ་གཏན་ནས་མིན། ང་ཚོས་མི་གྲངས་ཡོངས་བཤེར་ཐེངས་རེར་བྱས་པ་དང༌། ཉེ་ལམ་མི་གྲངས་ཡོངས་བཤེར་བྱས་པའི་ནང་དུ། བོད་མིའི་ཁ་གྲངས་སྔར་བཞིན་བོད་ལྗོངས་མི་གྲངས་ཀྱི་བརྒྱ་ཆའི་༩༢ཡན་ཟིན་ཡོད།

 

སྤྱི་ དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་སྲུང་བྱེད་པ་ནི་ཀྲུང་གོ་སྲིད་གཞུང་ གི་རྩ་བའི་སྲིད་ཇུས་ཤིག་ཡིན། དེང་སྐབས་བོད་ལྗོངས་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ༡༧༨༠ཡོད་ཅིང༌། ཕལ་ཆེར་མི་༡༦༠༠ཙམ་ལ་དགོན་སྡེ་གཅིག་ཡོད། ད་ལྟ་གྲྭ་བཙུན་མི་གྲངས༤༦༠༠༠ཡོད་པ་དང༌། དེ་ནི་མི་གྲངས་བསྡུར་ཚད་ཀྱི་བརྒྱ་ཆའི༡ ། ༥ ཟིན། ངས་ཡོ་རོབ་ཀྱི་ཆ་སྙོམས་ཀྱི་མི་གྲངས་ག་ཚོད་ཅིག་ལ་ཆོས་ཁང་ཞིག་ཡོད་པ་དང༌། ཆོས་པ་དེ་རྣམས་ཀྱིས་མི་གྲངས་བསྡུར་ཚད་ཀྱིས་ག་ཚོད་ཟིན་ཡོད་པ་མི་ཤེས་མོད།  ངས་བཤད་པའི་གྲངས་ཀ་འདི་ཏཱ་ལའི་བླ་མས་བོད་ལྗོངས་དབང་དུ་བསྒྱུར་བའི་དུས་དང་ བསྡུར་ན་ཧ་ཅང་ཉུང་ལ། དུས་དེར་གྲྭ་བཙུན་ཁྲི༡༠ལ་ཟིན་སྐད། ཡིན་ན་ཡང་དུས་དེའི་སྤྱིའི་མི་གྲངས་ཁྲི༡༠༠ཡིན། རྣམ་པ་ཚོས་བསམ་བློ་ཐོངས་དང༌། དེ་ལྟའི་སྤྱི་ཚོགས་ལ་འཕེལ་རྒྱས་དང་ཡར་རྒྱས་ཡོད་སྲིད་དམ། མིག་ སྔའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བ་ཧ་ཅང་ལེགས། ཕྱོགས་གཉིས་ཀྱིས་སྒོ་ཀུན་ནས་འཐབ་ཇུས་ལས་གྲོགས་ཀྱི་འབྲེལ་བ་བཙུགས་ཏེ། དཔལ་འབྱོར་དང༌། ཚན་རྩལ། རྩོལ་བྱུང་རིག་གནས་ལ་སོགས་པའི་མངའ་ཁོངས་ཐད་ནས་མཉམ་ལས་བྱེད་པའི་ལམ་ལུགས་ཕྱོགས་ལ་རིམ་པ་ཁག་ནས་ཕན་ཚུན་བར་གླེང་མོལ་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་ མཉམ་ལས་ཀྱིས་ཕྱོགས་གཉིས་དང་ཐ་ན་འཛམ་གླིང་ལ་ཡང་ཕན་པ་ཆེན་པོ་བསྐྲུན་ཡོད་ཅིང༌། ནང་སྒོས་སུ་མིག་སྔའི་རྒྱལ་སྤྱིའི་དངུལ་རྩར་ཆག་འཇིགས་བྱུང་བ་དང༌། ཡོ་སྒོར་བུ་ལོན་ཉེན་ཁར་འཕྲད་པ་བཅས་ཐག་གཅོད་པའི་གནས་ཚུལ་འོག  ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་ཤུགས་སྣོན་དང༌། ཕན་ཚུན་བར་རོགས་སྐྱོར། མཉམ་དུ་དཀའ་ངལ་ཁྱད་གསོད་བྱས་ཏེ་ཕྱོགས་གཉིས་ལ་ཕན་པར་བརྩོན་ལེན་བྱ་རྒྱུ་ནི་ གལ་ཆེའི་གཙུགས་ཆེན་ཡིན།

 

ད་ཆ་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཧ་ཅང་གལ་ཆེན་དུ་འགྱུར་བཞིན་པའི་སྐབས་འདིར། ངས་རྟོགས་དཀའ་བ་ཞིག་ནི་ནམ་རྒྱུན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དག་ཏུ་ཀྲུང་གོར་ རྒྱུ་མེད་རྐྱེན་མེད་ཀྱིས་སྐྱོན་བརྗོད་བྱེད་པའི་སྐད་ཆ་འགའ་ཐོས་འོང༌། དེ་ལས་ལྡོག་ཏེ། ངས་ཀྲུང་གོ་བས་དུས་ནམ་ཞིག་ལ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ནང་ཁུལ་གྱི་དོན་ དག་ལ་སྐྱོན་བརྗོད་བྱས་མྱོང་བ་ཡིད་ལ་དྲན་རྒྱུ་མེད། ཉེ་ལམ་གྱི་དོན་དག་ཞིག་ལ་དཔེ་བཞག་ན་ནི། ཡོ་རོབ་གྲོས་ཚོགས་ཀྱི་མི་ཉུང་ཤས་ཤིག་གིས་ཀྲུང་གོའི་ཁེ་ཕན་ལ་མི་བལྟོས་པར་ཨུ་ ཚུགས་ཀྱིས་ཏཱ་ལའི་ཚོགས་ཁག་ཏེ  བཙན་བྱོལ་སྲིད་གཞུང་  གི་འགོ་ཁྲིད་གསར་བ་པུ་ལུ་སེར་འཚམས་འདྲིར་ཡོང་བར་གདན་དྲངས་བ་དང༌། མཇལ་འཕྲད་གནང་བར་འུར་ཤོབ་ཆེན་པོ་རྒྱག་བཞིན་ཡོད་པ་མ་ཟད། ད་དུང་བོད་མིའི་སྲིད་འཛིན་ཀྲུང་དབྱང་ཙུང་ལི་ཡི་མཚན་ངོས་ནས་ཡོ་རོབ་གྲོས་ ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་ཨུ་ལྷན་དུ་འཆད་འཁྲིད་བྱེད་པར་གདན་དྲངས་ནས། བོད་རང་བཙན་སྐོར་གྱི་འཆལ་གཏམ་གང་སར་ཁྱབ་བསྒྲགས་བྱེད་དུ་བཅུག  ཡོ་རོབ་གྲོས་ཚོགས་ཀྱི་མི་ཉུང་ཤས་ཤིག་གི་དེ་འདྲའི་བྱེད་སྤྱོད་ལ་མཚོན་ན་གཞི་ ནས་འགན་མི་འཁུར་བར་ཀྲུང་གོར་མནའ་བོར་དང༌། རྒྱལ་སྤྱིའི་འབྲེལ་བ་སྐོར་གྱི་རྩ་བའི་ཚད་གཞི་དང་རྒྱབ་འགལ་དུ་སོང་ཡོད།        ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་བོད་ལྗོངས་ནི་ཀྲུང་གོ་དང་འབྲེལ་བའི་ས་ཁུལ་ ཞིག་ཡིན་པ་ཁས་ལེན་པའི་སྐབས་སུ། ཀྲུང་གོ་ཁ་བྲལ་དུ་གཏོང་བའི་ཟིང་འཁྲུག་སློང་མཁན་གྱི་ཚོགས་ཁག་འགོ་གཙོ་དེ་ཡོ་རོབ་གྲོས་ཚོགས་སུ་འཚམས་འདྲིར་གདན་འདྲེན་པའི་དབང་ཆ་མེད། ངའི་རེ་བ་ནི་འདིར་བཞུགས་ཀྱི་ཁྱེད་རྣམ་པས་རང་རང་གི་དགེ་མཚན་ལྷུར་བླངས་ཏེ། ཁྱེད་ཅག་གིས་ཀྲུང་གོ་ཡོ་རོབ་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་པའི་ རྨང་གཞིའི་སྟེང༌། ཐ་ཤལ་གྱི་དོན་དག་འདི་ལྟ་བུ་འབྱུང་བར་བཀག་འགོག་བྱེད་རྒྱུ་དེ་ཡིན།

           ང་ནི་སྔོན་ཆད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཡིན། སྐབས་དེར་ངས་གཞན་ལ་དྲི་བ་ཅུང་རྣོ་པོ་འདོན་པར་དགའ་བོ་ཡོད། དེ་རིང་ངས་ཁྱེད་ཅག་གིས་ང་ལ་དྲི་བ་ཅུང་རྣོ་པོ་འདོན་པར་དགའ་བསུ་ཞུ། ངས་གོང་དུ་བཤད་པའི་བཙན་བྱོལ་སྲིད་གཞུང་གི་འགོ་ཁྲིད་གསར་བ་གླེང་བ་དེ་ཙམ་གྱིས་དེ་རིང་འདིར་བཞུགས་ཀྱི་རྣམ་པ་ཚོས་ཁ་ཟས་རོལ་བའི་སྤྲོ་སེམས་དང་མི་འགལ་བར་མཁྱེན ༽ ཞེས་བཀོད་འདུག

གཟའ་མིག་དམར་ཉིན་རྒྱ་ནག་ཀུང་ཏུང་ཧེ་མཱེན་གྲོང་རྡལ་དུ། ས་གནས་མང་ཚོགས་ཁྲི་ ༡ ལྷག་འདུ་འཛོམས་ཀྱིས་སོལ་མེ་གློག་འདོན་ཁང་གསར་རྒྱག་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཀུང་ཏུང་ཧྲན་ཐུའུ་གྲོང་ཁྱེར་གྱི་ཧེ་མཱེན་གྲོང་རྡལ་དུ། ས་གནས་མང་ཚོགས་ཀྱིས་མཉམ་རུབ་འདུ་འཛོམས་ངོ་རྒོལ་འགུལ་ཞིག་སྤེལ་ཏེ། ཉེ་ཆར་རྒྱ་གཞུང་གིས་ས་ཁུལ་དེར་སོལ་མེ་གློག་འདོན་ཁང་ཨང་གཉིས་པ་ཞིག་འཛུགས་རྒྱུའི་ལས་གཞི་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་བྱས་པར། རྒྱ་གཞུང་ཉེན་རྟོག་པས་མང་ཚོགས་ལ་གཅར་རྡུང་བཀག་སྡོམ་བྱས་པར་བརྟེན། ས་གནས་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཡོད་པར་མ་ཟད། མང་ཚོགས་རྣམས་སྲིད་གཞུང་གི་ཐོག་ཁང་ནང་བསྐྱོད་དེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་།  ཕྱི་ཚེས་ ༢༡ ཉིན་ས་གནས་འབྲིང་རིམ་སློབ་ཕྲུག་རྣམས་གཙོས་མང་ཚོགས་ཁྲི་གཅིག་ལྷག་འདུ་འཛོམས་ཀྱིས།   ཧྲིན་ཧྲན་མྱུར་བགྲོད་གཞུང་ལམ་སྟེང་ཁྲོམ་སྐོར་བྱས་ཏེ་བསྐྱར་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་གིས་དྲག་ཆས་དམག་མི་ ༡༠༠༠ ལྷག་ཆེད་གཏོང་གིས་མང་ཚོགས་ཁྲོད་དུག་རླངས་སོགས་བརྒྱབ་སྟེ་དྲག་གནོན་བྱས་པར་བརྟེན། ས་གནས་མང་ཚོགས་ཀྱིས་ཀྱང་རྡོ་དང་ཤེལ་དམ་སོགས་སྤྱད་དེ་དམག་མིར་ཁ་གཏད་ཀྱིས་འཁྲུག་འཛིང་བྱས་ཡོད་འདུག འཁྲུག་འཛིང་དོན་རྐྱེན་དེའི་ཁྲོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད། དམག་མིའི་རླངས་འཁོར་འགའ་ཡང་མགོ་རྟིང་སློག་ཏེ་གཏོར་བཅོམ་བྱས་ཡོད་འདུག 

ཕྱི་ཚེས་ ༢༡ གི་དགོང་མོ་ས་གནས་འབྲེལ་ཡོད་དཔོན་རིགས་རྣམས་ཡོང་སྟེ།  ས་གནས་མང་ཚོགས་ལ་འདུ་འཛོམས་གྲོལ་དགོས་པའི་འབོད་སྐུལ་དང་། གསར་དུ་བརྒྱག་བཞིན་པའི་གློག་ཁང་ལས་གཞི་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་།  མང་ཚོགས་ཀྱིས་རྒྱ་གཞུང་ལ་ཡིད་མ་ཆེས་པར་མུ་མཐུད་ངོ་རྒོལ་འདུ་འཛོམས་མཚམས་འཇོག་བྱས་མེད་པར་མ་ཟད། ས་གནས་མང་ཚོགས་ཀྱིས་གསར་ལམ་ཁག་ཏུ། ད་ལྟ་གསར་དུ་རྒྱག་བཞིན་པའི་གློག་ཁང་ལས་གཞི་དེ་དངོས་སུ་ཕྱིར་བསྡུ་མ་བྱས་པའི་བར་དུ་མུ་མཐུད་དུ་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་སྐོར་བརྗོད་འདུག 

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་དེའི་ཁྲོད་ལོ་ ༡༥ ཡིན་པའི་བྱིས་པ་ཞིག་དམག་མིས་གཅར་རྡུང་སྐབས་རྐྱེན་འདས་སུ་གྱུར་ཡོད་པ་དང་། མང་ཚོགས་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

དེ་སྔོན་རྒྱ་གཞུང་གིས་ཧེ་མཱེན་ས་ཁུལ་དུ་སོལ་མེ་གློག་འདོན་ཁང་ཞིག་བཙུགས་པས་རྐྱེན་གྱིས་ས་ཁུལ་དེའི་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་ཐེབས་ཏེ།   ས་གནས་མང་ཚོགས་ཀྱི་འཚོ་བའི་བདེ་ཐང་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ཐེངས་འདིར་ཡང་མང་ཚོགས་ཀྱི་བསམ་འདུན་ལ་མ་ཉན་པར་ཡང་བསྐྱར་སོལ་མེ་གློག་འདོན་ཁང་ཞིག་གསར་འཛུགས་ཀྱི་ལས་གཞི་མགོ་བརྩམས་ཡོད་སྟབས། ས་གནས་མང་ཚོགས་རྣམས་ཐབས་ཟད་ཨུ་ཐུག་ཏུ་གྱུར་ཏེ་མཉམ་རུབ་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་དེ་སྤེལ་དགོས་བྱུང་ཡོད་འདུག 

ཕྱི་ཟླ་ ༩ ནས་ད་ལྟའི་བར་མཚམས་མ་ཆད་པར་མང་ཚོགས་ཀྱི་འདུ་འཛོམས་ངོ་རྒོལ་བྱུང་བཞིན་པའི་ཝུ་ཁེ་སྡེ་བ་དང་། ཉེ་ཆར་གསར་དུ་མང་ཚོགས་འདུ་འཛོམས་ཀྱི་ངོ་རྒོལ་བྱུང་བཞིན་པའི་ཧེ་མཱེན་གྲོང་རྡལ་གཉིས་བར་སྤྱི་ལེ་ ༡༡༥ ཡོད་འདུག  ལོ་རྗེས་མར་རྒྱ་གཞུང་གི་མཐོ་རིམ་མགོ་ཁྲིད་འཕོ་འགྱུར་གྱི་གནད་འགག་དུས་ཚོད་ལ་ཁེལ་ཡོད་སྟབས། ཉེ་ཆར་རྒྱ་ནག་ནང་གཅིག་རྗེས་གཉིས་མཐུད་ཀྱིས་མང་ཚོགས་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་འབྱུང་བཞིན་པའི་ཐད་རྒྱ་གཞུང་གིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་རྒྱལ་ཡོངས་ནང་སྨན་རྫུན་མ་བསྔོག་བཤེར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།   སྐབས་དེར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༡༧༠ ནང་སྨན་རྫུན་མའི་བཟོ་གྲྭ་དང་སྡེབས་ཚོང་ཁང་། སྨན་རྫུན་མའི་ཚོང་བ་དང་ལྐོག་འབྲེལ་ཡོད་པའི་གཞུང་གཉེར་སྨན་རྫས་བཟོ་གྲྭ་སོགས་ཚོགས་སྡེ་ཁག་ ༣༥༠ རྩད་གཅོད་དང་། སྨན་རྫུན་མ་བཟོ་མཁན་ཉེས་ཅན་པ་ ༡༧༧༠ འཇུ་བཟུང་། སྨན་རྫུན་མ་གྲངས་དུང་ཕྱིར་ ༣ བསྔོག་འདོན་བཅས་བྱུང་ཡོད་པ་དང་། སྨན་རྫུན་མ་དེ་དག་གི་སྤྱིའི་རིན་འབབ་རྒྱ་སྒོར་དུང་ཕྱུར་ ༢༠ ལས་བརྒལ་ཡོད་འདུག  སྨན་རྫུན་མ་དེ་དག་ནི་སིང་ཕྱེ་དང་གཟན་ཆག རྫས་འགྱུར་ཚོས་རྒྱུ་སོགས་རྒྱུ་ཆ་བྱས་པའི་སྨན་རིགས་དང་། ལྕགས་རྡུལ་བསྲེས་སྦྱོར་རིགས་ཀྱི་ཕྱུགས་སྨན་བཅས་ཡིན་འདུག
རྒྱ་སྨན་རྫུན་མས་གནོད་འཚེ་ཐེབས་ཡུལ་གྱི་ཁྱབ་ཁོངས་ནི་རྒྱ་ནག་སྤྱི་ཚོགས་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་རྒྱལ་ཁབ་ མང་པོའི་ནང་རྒྱ་སྨན་རྫུན་མའི་རིགས་ཁྱབ་ཡོད་པ་རེད། ད་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་རྒྱལ་ཁབ་ ༧༩ ནང་མཉམ་འབྲེལ་ཐོག་སྨན་རྫུན་མའི་རིགས་བསྔོག་བཤེར་བྱས་སྐབས། ཨ་སྒོར་དུང་ཕྱུར་ ༡༠ ལྷག་གི་རིན་འབབ་ཀྱི་སྨན་རྫུན་མ་རྙེད་སོན་བྱུང་ཡོད་པ་དང་། སྨན་རྫུན་མ་དེ་དག་མང་ཆེ་བ་ནི་རྒྱ་ནག་ནང་ཐོན་སྐྱེད་བྱས་ཡོད་འདུག  

ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་།  སྟོབས་ཆེན་རྒྱལ་ཁབ་ཁག་ནང་སྨན་རྫུན་མའི་རིགས་བརྒྱ་ཆ་གཅིག་ཙམ་ལས་མེད་པ་དང་།  རྒྱ་ནག་ནང་སྨན་རྫུན་མའི་རིགས་ཀྱིས་སྤྱིའི་གྲངས་འབོར་གྱི་གསུམ་ཆ་གཅིག་ལྷག་ཟིན་ཡོད་ལ། རྒྱ་ནག་ནང་ལོ་རེའི་སྨན་ཚོང་འགྲེམ་གྱི་སྤྱིའི་རིན་འབབ་ཨ་སྒོར་དུང་ཕྱུར་ ༤༠༠ ལ་སླེབས་ཡོད་པའི་ཁྲོད། སྨན་རྫུན་མའི་རིན་འབབ་ཀྱིས་ཨ་སྒོར་དུང་ཕྱུར་ ༡༢༠ ཟིན་ཡོད་པ་དང་།  དེང་སྐབས་རྒྱ་ནག་གི་ས་ཆ་གང་སར་སྨན་རྫུན་མ་བཟོ་མཁན་གྱིས་ཁེངས་ཡོད་པར་མ་ཟད། རྒྱ་ནག་ཧི་ནན་དང་ཧུའུ་པའེ། ཧྲང་ཧེ་སོགས་སུ་ཁྲིམས་མཐུན་སྨན་རྫས་བཟོ་གྲྭ་དག་གིས་ཀྱང་དཔལ་འབྱོར་ཁེ་ཕན་ཁོ་ནའི་ཆེད་སྨན་རྫུན་མ་སྡེབ་སྦྱོར་བྱེད་བཞིན་ཡོད་སྟབས། དེ་ནི་ཧ་ཅང་བློ་འཚབ་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་བསྒྲགས་ཡོད་པ་རེད།

  རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྨན་རྫུན་མ་བསྔོག་བཤེར་གྱི་ཐེངས་འདིའི་ལས་འགུལ་སྐོར་ཤུགས་ཆེན་པོས་བསྒྲགས་ཡོད་པ་རེད། ཡིན་ནའང་།  མང་ཚོགས་ཀྱིས་རྒྱ་གཞུང་གི་དྲིལ་བསྒྲགས་དེས་མ་འོངས་པར་སྨན་རྫུན་མ་བཀག་སྡོམ་ཐད་ཕན་ནུས་ཆེན་པོ་འབྱུང་མི་སྲིད་པའི་སྐོར་གླེང་སློང་འབྱུང་བཞིན་འདུག  

སྲིད་དོན་དབྱེ་ཞིབ་པ་ཚའོ་ཨན་ཅི་ཡིས། “རྒྱ་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་ཅེས་པའི་སྲིད་ཇུས་སྤེལ་བ་ནས་ད་ལྟའི་བར་སྨན་རྫུན་མ་བཟོ་སྐྲུན་གྱི་གནད་དོན་དེ་རིམ་པར་བྱུང་ཡོད་ལ།  དེར་མ་ཟད་སྨན་རྫུན་མ་བཟོ་མཁན་མང་ཆེ་བ་ནི་རྒྱལ་གཉེར་ཁེ་ལས་བཟོ་གྲྭ་ཁག་རེད། ཉེ་སྔོན་གྱི་བསྔོག་བཤེར་ཐེངས་གཅིག་ལ་བརྟེན་ནས་སྨན་རྫུན་མ་ཕོན་ཆེན་པོ་འདི་འདྲ་ཞིག་ཐོན་པ་འདིས། རྒྱ་གཞུང་གི་གཞི་རྩའི་ཁྲིམས་དང་སྒྲིག་གཞིར་གནད་དོན་ཡོད་པ་གསལ་བོར་མཚོན་ཡོད།   རྒྱ་གཞུང་གིས་དུས་རྒྱུན་བསྔོག་བཤེར་མི་བྱེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།  དེའི་རྒྱུ་མཚན་གཙོ་བོ་ནི་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་རྒྱ་གཞུང་དཔོན་རིགས་ཚོ་དང་སྨན་རྫུན་མའི་བཟོ་གྲྭ་ཁག་གི་བར་ངན་གཡོ་ལྐོག་འབྲེལ་ཡོད་པའི་རྐྱེན་གྱིས་རེད།” ཅེས་བརྗོད་འདུག

གཞན་ཡང་། པེ་ཅིན་གྱི་མང་ཚོགས་ཤིག་གིས་གསར་ལམ་ཁག་ཏུ། “སྨན་རྫུན་མ་ཐོན་སྐྱེད་དང་ཚོང་འགྲེམས་བྱེད་པ་ནི་མིའི་ཀུན་སྤྱོད་ཀྱི་གནད་དོན་ཞིག་རེད། ལས་ཀ་འདི་རིགས་ནི་འགྲོ་བ་མིའི་རིགས་ཀྱིས་སྒྲུབ་རུང་བའི་བྱ་གཞག་ཅིག་མ་རེད། ངས་བསམ་ན་གནད་དོན་འདིས་རྒྱ་ནག་ནང་མིའི་ཀུན་སྤྱོད་ཀྱི་ཚད་གཞི་ཆེས་སྐྱོ་བོ་ཡིན་པ་མཚོན་འདུག” ཅེས་བརྗོད་ཡོད་པ་དང་།  པེ་ཅིན་གྱི་ཁྲིམས་རྩོད་པ་ལིས་ལགས་ཀྱིས་ཀྱང་། “རྒྱ་ནག་ནང་སྨན་རྫུན་མ་ཐོན་སྐྱེད་ཀྱི་ཕྱོགས་ལ་བཀག་སྡོམ་དོ་ནན་མི་བྱེད་པའི་གནད་གཙོ་བོ་ནི། རྒྱ་དམར་གཞུང་གི་ཁྲིམས་སྒྲིག་མཐའ་དག་ནི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་དུ་བཟོས་པ་མ་ཡིན་པའི་རྐྱེན་གྱིས་རེད།” ཅེས་བརྗོད་འདུག

གཞན་ཡང་། པེ་ཅིན་གྱི་མང་ཚོགས་ཤིག་གིས་གསར་ལམ་ཁག་ཏུ། “སྨན་རྫུན་མ་ཐོན་སྐྱེད་དང་ཚོང་འགྲེམས་བྱེད་པ་ནི་མིའི་ཀུན་སྤྱོད་ཀྱི་གནད་དོན་ཞིག་རེད། ལས་ཀ་འདི་རིགས་ནི་འགྲོ་བ་མིའི་རིགས་ཀྱིས་སྒྲུབ་རུང་བའི་བྱ་གཞག་ཅིག་མ་རེད། ངས་བསམ་ན་གནད་དོན་འདིས་རྒྱ་ནག་ནང་མིའི་ཀུན་སྤྱོད་ཀྱི་ཚད་གཞི་ཆེས་སྐྱོ་བོ་ཡིན་པ་མཚོན་འདུག” ཅེས་བརྗོད་ཡོད་པ་དང་།  པེ་ཅིན་གྱི་ཁྲིམས་རྩོད་པ་ལིས་ལགས་ཀྱིས་ཀྱང་། “རྒྱ་ནག་ནང་སྨན་རྫུན་མ་ཐོན་སྐྱེད་ཀྱི་ཕྱོགས་ལ་བཀག་སྡོམ་དོ་ནན་མི་བྱེད་པའི་གནད་གཙོ་བོ་ནི། རྒྱ་དམར་གཞུང་གི་ཁྲིམས་སྒྲིག་མཐའ་དག་ནི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་དུ་བཟོས་པ་མ་ཡིན་པའི་རྐྱེན་གྱིས་རེད།” ཅེས་བརྗོད་འདུ


ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་རྒྱ་ནག་པེ་ཅིན་ཐེན་ཨན་མེན་མདུན་ཐང་དུ། རུས་ཝང་ཡིན་པའི་རང་ལོ་ ༤༢ ཅན་གྱི་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག  སྐབས་དེར་མི་མང་བརྒྱ་ཕྲག་བརྒལ་བའི་གནས་ཚུལ་དེ་དངོས་སུ་མཐོང་ཡོད་པར་མ་ཟད་པར་རྒྱག་མཁན་ཀྱང་འགའ་ཤས་བྱུང་ཡོད་འདུག  ཡིན་ནའང་། རྒྱ་གཞུང་གི་བཀག་སྡོམ་དམ་དྲགས་འོག་གནས་ཚུལ་དེ་ད་ལྟའི་བར་དྲ་རྒྱ་དང་གསར་ལམ་ཁག་ཏུ་ཐོན་ཐུབ་མེད་པ་རེད།  ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབྱིན་ཇིའི་ཉིན་རེའི་གློག་འཕྲིན་གསར་ཤོག་སྟེང་།   དབྱིན་ཇིའི་བཟོ་སྐྲུན་པ་པུའུ་ལཱང་ལགས་ཀྱིས་གནས་ཚུལ་བྱུང་ཡུལ་དངོས་ནས་བླངས་པའི་བདེན་དཔང་གི་པར་རིས་དེ་ཐོན་པའི་རྗེས།   རྒྱ་ནག་པེ་ཅིན་ཉེན་རྟོག་ལས་ཁུངས་ཀྱིས་རུས་ཝང་ཅན་གྱི་སྐྱེས་པ་དེའི་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི།  ས་གནས་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཅིག་ལ་འདོད་མོས་མ་ཁེངས་པའི་རྐྱེན་གྱིས་སྐོར་བརྗོད་ཡོད་པ་རེད།

གཞན་ཡང་། ཏཱ་ཅིས་ཡོན་རྒྱ་ཡིག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཧི་ནན་ཀྲིན་ཀྲིག་ས་ཁུལ་དུ། རྒྱ་གཞུང་གིས་ལས་བཟོ་བ་མི་ ༣༠༠ ལྷག་ཆེད་གཏོང་བྱས་ཏེ་ཀྲིན་ཀྲིག་གྲོང་ཁྱེར་གྱི་ཀོ་ཧྲན་གཞུང་ལམ་དང་ཨར་ཧྭན་གཞུང་ལམ་བསྣོལ་མཚམས་ཁུལ་གྱི་མང་ཚོགས་ཀྱི་གཞིས་ཀ་བཙན་འཕྲོག་གིས་གནས་སྤོར་བྱེད་བཅུག་པར་བརྟེན། ཝང་ཧའོ་རུང་བཟའ་ཟླ་གཉིས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ།  སོ་སོའི་ཁང་པའི་སྟེང་ལུས་པོར་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱ་རྩིས་བྱས་ཡོད་པ་དང་། སྐབས་དེར་ལོ་ ༨༡ ཡིན་པའི་ཁོའི་ཨ་མ་ཝང་ལིག་ཀྲི་ཡིས་སོ་སོའི་ཁང་པའི་ནང་གློ་བུར་དུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག    ཝང་ཧའོ་རུང་བཟའ་ཟླ་གཉིས་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་ཕྱིར་རྒྱུགས་ཡོང་སྟེ་ཨ་མ་ཝང་ལགས་ཀྱི་ལུས་སྟེང་གི་མེ་གསོད་རྩིས་བྱས་ཡོད་ནའང་། རྒྱ་གཞུང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་ཁོང་བཟའ་མི་གཉིས་གཙོས་པའི་ནང་མི་ ༥ པོ་འཇུ་བཟུང་བཙན་འཁྲིད་བྱས་ཏེ་མེ་གསོད་དུ་མ་བཅུགས་པར་བརྟེན་ཁོ་མོ་འདས་གྲོངས་སུ་གྱུར་ཡོད་འདུག 

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ས་གནས་གྲོང་ཁྱེར་དོ་དམ་ལས་ཁུངས་ཀྱིས། ཝང་ཧའོ་རུང་གི་གཞིས་ཁྱིམ་ནི་ཁྲིམས་འགལ་གྱི་འཛུགས་སྐྲུན་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཝང་ཧའོ་རུང་བཟའ་མི་གཉིས་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླགས་བཟོས་པའི་ཉེས་མིང་བཏགས་ཏེ། ཉིན་ ༡༠ རིང་བཙོན་འཇུག་བཀག་སྐྱེལ་བྱ་རྒྱུ་ཡིན་པ་བསྒྲགས་འདུག   གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཝང་ཧའོ་རུང་གིས “ ངས་ལོ་གཅིག་ལྷག་གི་རིང་ཡིག་ཐོག་སྙན་ཞུ་རིམ་པར་ཕུལ་ཏེ་ཕན་ཐོག་མ་བྱུང་པར་བརྟེན། སྤྱི་ཚོགས་ཁྲོད་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་བཞིན་པའི་རིགས་ལ་དོ་སྣང་བྱུང་པར་མ་ཟད། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་དོ་སྣང་ཤུགས་ཆེན་པོ་ཡོང་གི་རེད་བསམ་སོང་།” ཞེས་བརྗོད་ཡོད་འདུ


ཁ་སང་རྒྱ་ནག་མི་མང་འཐུས་མིའི་རྒྱུན་ལས་ཚོགས་འདུའི་སྟེང་<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཁྲིམས་གཞི>> ནང་གསེ་དོན་ཚན་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྲིམས་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བཏོན་ཏེ། ཉེན་རྟོག་པས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ།  སྔར་ཡོད་བཅའ་ཁྲིམས་དོན་ཚད་ ༡༥ ནང་གསེས་དང་པོའི་ཁྲོད་དུ།  མེ་འཁོར་དང་རླངས་འཁོར་འབབ་ཚིགས། གནམ་ཐང་། གྲུ་ཁ། དེ་བཞིན། དུས་ཆེན་སོགས་ཀྱི་སྐབས་གྲོང་ཁྱེར་ཁུལ་དང་ས་གནས་སྲིད་གཞུང་གི་གཏན་འབེབས་བྱས་པའི་མི་ཚོགས་འདུ་འཛོམས་བྱ་ཡུལ་བཅས་སུ་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད་བྱས་ཆོག་པའི་སྐོར་ཟུར་སྣོན་བྱས་ཡོད་འདུག 

 དེ་སྔའི་རྒྱ་གཞུང་གི་བཅའ་ཁྲིམས་ནང་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱེད་ཕྱོགས་ཐད་གཏན་འབེབ་དོན་ཚན་བཞི་བཀོད་ཡོད་པ་ནི།   དང་པོ།ཁྲིམས་འགལ་ཉེས་ཅན་དོགས་ཡོད་མི་སྣའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   གཉིས་པ། ས་གནས་གང་རུང་དུ་གྱོན་ཁྲིམས་གཞི་ལག་བསྟར་སྐབས་འབྲེལ་ཡོད་མི་སྣའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   གསུམ་པ། སྤྱི་ཚོགས་ལ་གཏོར་རྒོལ་དོན་རྐྱེན་ཆེན་པོ་བྱུང་སྐབས་ས་གནས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   བཞི་པ། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ནང་གཏན་ལ་ཕབ་པའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་དགོས་པའི་གནས་སྟངས་འོག་མང་ཚོགས་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད་བྱ་ཆོག་པ་བཅས་རེད།

རྒྱ་གཞུང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་གཞོན་པ་ཡཱང་ཧན་མཱེན་གྱིས། ཉེ་ཆར་རྒྱ་གཞུང་གིས་མི་མང་གི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བའི་ཁྲིམས་འཆར་བཏོན་པ་དེ་ནི། དེང་སྐབས་སྤྱི་ཚོགས་བདེ་འཇགས་གནས་སྟངས་རྙོག་འཛིང་ཆེ་རུ་འགྲོ་བཞིན་པར་བརྟེན། ཁྲིམས་གཞི་བསྐྱར་བཅོས་ཏེ་བརྒྱུད་ནས་ཉེན་རྟོག་སྡེ་ཁག་གིས་སྔར་ལས་ལྷག་པར་སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་ཅཱང་ཐེན་ཡོང་གིས།  རྒྱ་གཞུང་གི་ཁྲིམས་འཆར་དེ་ནི་དོན་གྱིས་མི་མང་ལ་སྔར་བས་བཀག་སྡོམ་བྱ་ཆེད་ཡིན་པ་དང་།   གལ་སྲིད་ཁྲིམས་འཆར་དེ་གཏན་འབེབ་བྱུང་ཚེ་ཉེན་རྟོག་པས་གནས་དུས་ངེས་མེད་ཀྱི་ཐོག་ནས་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་ཏེ། མང་ཚོགས་ལ་གང་བྱུང་འདྲི་གཅོད་བྱེད་པའི་རིགས་ཚང་མ་ཁྲིམས་མཐུན་ཆགས་རྒྱུ་ཡིན་པས།  སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁེ་དབང་སྔར་བས་ཉམ་ཆག་ཏུ་འགྲོ་རྒྱུ་ཉག་གཅིག་རེད། ཅེས་བརྗོད་འདུག

རྒྱལ་ནང་གི་ནག་ཚོགས་རིགས་ལ་བལྟས་ན་དེ་འདྲ་ཞིག་ཀྱང་དགོས་ངེས་རེད། འོན་ཀྱང་འདིའི་དགོས་པ་དམིགས་ཡུལ་དེ་བོད་དང་ཡུ་གུར་སོག་པོ་སོགས་གྲངས་ཉུང་མི་རིགས་ཁག་ལ་གཟེས་ཡོད་ཚེ་དེ་ནི་གནོན་ཤུགས་སམ་བཀག་སྡོམ་གྱི་ཆ་རྐྱེན་ཞིག་ཡིན་ངེས།

ཕྱི་ཚེས་ ༢༠ ཉིན་ནང་སོག་ཐའོ་ལའེ་རྒེ་གྷ་སྡེ་བའི་འབྲོག་པ་ཀྲའོ་རི་ཀུ་ཐའོ་ལགས་ཀྱིས་རྩྭ་ཐང་སྲུང་སྐྱོབ་བྱེད་སྐབས། རྒྱ་རིགས་རླངས་འཁོར་ཁ་ལོ་བ་ཞིག་གིས་ཁོ་རང་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན། ནང་སོག་ཨོ་ཨར་ཊོ་སི་གྲོང་ཁྱེར་ཝུའུ་ཧྲིན་ཆི་རྫོང་ཐའོ་ལའེ་རྒེ་གྷ་སྡེ་བའི་སོག་པོ་འབྲོག་པ་ཀྲའོ་རི་ཀུ་ཐའོ་ལགས་ཀྱིས་རྩྭ་ཐང་སྲུང་སྐྱོབ་ཆེད་རྡོ་སྣུམ་གཏེར་ཁ་སྐྱེལ་འདྲེན་གྱི་རླངས་འཁོར་དག་རྩྭ་ཐང་སྟེང་བསྐྱོད་རྒྱུར་བཀག་འགོག་བྱས་སྐབས།  རྒྱ་རིགས་རླངས་འཁོར་ཁ་ལོ་བ་ལིས་ཡུག་ལཱིང་ཟེར་བ་ཞིག་གིས་བསམ་བཞིན་དུ་རླངས་འཁོར་མདུན་ཕྱོགས་སུ་བཏང་སྟེ་འབྲོག་པ་ཀོ་རི་ཀུ་ཐའོ་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་ཡོད་འདུག

ལྷོ་སོག་རང་དབང་སྐབས་དོན་གླེང་སྟེགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༤ ནས་ཚེས་ ༣༠ བར་ནང་སོག་གཞི་རིམ་ས་ཁུལ་དང་།  རྒྱལ་ས་ཧའོ་ཧི་ཧའོ་ཐི་གཙོས་པའི་གྲོང་ཁྱེར་ཆེ་ཁག་ནང་མི་ཚོགས་འདུ་འཛོམས་ཀྱིས། སོ་སོའི་རིག་གནས་དང་ཕ་ཡུལ་རྩྭ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་བསྐྱར་དུ་སྤེལ་འཆར་ཡོད་པ་དང་།  ལུས་འགུལ་སྐབས་ཉེ་ཆར་རྡོ་སྣུམ་གཏེར་ཁ་དབོར་འདྲེན་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བའི་ཀྲའོ་རི་ཀུ་ཐའོ་དང་། ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྡོ་སོལ་གཏེར་འདྲེན་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བའི་མའོ་རི་ཀིན་རྣམ་གཉིས་ལ་རྒྱ་གཞུང་གིས་མྱ་ངན་ཚོགས་འདུ་བསྡུས་ཏེ། ཁོང་རྣམ་གཉིས་ཀྱིས་སོག་པོའི་རང་བྱུང་རྩྭ་ཐང་སྲུང་སྐྱོབ་ཆེད་རང་སྲོག་བཏང་བར་དྲན་རྟེན་རྡོ་རིང་བཞེངས་དགོས་པར་མ་ཟད།  སོག་པོའི་རིག་གནས་དང་རང་བྱུང་རྩྭ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གཏན་འབེབ་ཀྱིས་ལག་བསྟར་བྱ་དགོས་པའི་དགོས་འདུན་ཤུགས་ཆེན་པོ་འདོན་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རླངས་འཁོར་ཁ་ལོ་བས་ཀྲོ་རི་ཀུ་ཐའོ་རླངས་འཁོར་གཡས་ཕྱོགས་མགྱོགས་པོར་མདུན་དུ་སླེབས་པ་མ་མཐོང་པར་རླངས་འཁོར་དང་གདུང་ཐུག་བརྒྱབ་སྟེ་རྐྱེན་འདས་སུ་གྱུར་བ་དང་། ས་གནས་ཉེན་རྟོག་པས་རླངས་འཁོར་ཁ་ལོ་བ་བཀག་ཉར་བྱས་ཡོད་སྐོར་བཀོད་ཡོད་པ་རེད། ཡིན་ནའང་། ལྷོ་སོག་པོའི་རང་དབང་གླེང་སྟེགས་དྲ་བའི་སྟེང་གནས་ཚུལ་སྤེལ་བར། སོག་པོའི་འབྲོག་པ་ཀྲོ་རི་ཀུ་ཐའོ་ལགས་ཀྱིས་རྡོ་སྣུམ་གཏེར་ཁ་དབོར་འདྲེན་གྱི་རླངས་འཁོར་དེ་བཀག་འགོག་བྱས་སྐབས། རླངས་འཁོར་ཁ་ལོ་བས་བསམ་བཞིན་དུ་ཁོང་རླངས་འཁོར་འོག་རྫིས་ཏེ་དམར་གསོད་བཏང་ཡོད་པ་བརྗོད་འདུག 

ཤིན་ཧྭ་གསར་ཁང་དང་ལྷོ་སོག་རང་དབང་གླེང་སྟེགས་གཉིས་ཀྱིས་གནས་ཚུལ་འགོད་སྟངས་ཐད། ཨ་རིར་གནས་སྡོད་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལིག་ཉན་ཁྲོན་ལགས་ཀྱིས དངོས་ཡོད་གནས་ཚུལ་མཐོང་མཁན་ས་གནས་མང་ཚོགས་ཀྱི་སྐད་ཆ་དང་ལྷོ་སོག་རང་དབང་གླེང་སྟེགས་དྲ་བའི་སྟེང་བཀོད་པའི་གནས་ཚུལ་གཉིས་གཅིག་མཐུན་རེད། མ་གཞི་ཞིན་ཧྭ་གསར་ཁང་ནི་དོན་གྱིས་རྒྱ་གཞུང་དཔོན་རིགས་ཚོའི་མགྲིན་ཚབ་ཡིན་པས།  ཞིན་ཧྭ་གསར་ཁང་གི་བརྗོད་སྟངས་དེར་ཡིད་ཆེས་བྱ་ཐབས་རྩ་བ་ནས་མེད།  ཅེས་བརྗོད་ཡོད་པ་དང་།   དེ་བཞིན། ནང་སོག་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཞིའི་མུའུ་མེན་ལགས་ཀྱིས་ཀྱང་། ཞིན་ཧྭ་གསར་ཁང་གིས་མངོན་གསལ་དོད་པོའི་ཐོག་ནས་གནས་ཚུལ་དེ་སྤྱིར་བཏང་གི་འགྲུམ་འགྲུལ་དོན་རྐྱེན་ཕལ་བ་ཞིག་ལ་ཁ་བསྒྱུར་ཏེ་གནས་ཚུལ་སྤེལ་ཡོད་པ་རེད།  གནས་ཚུལ་དེ་མ་བྱུང་ཡར་སྔོན་ནས་རྡོ་སྣུམ་གཏེར་ཁ་སྔོག་མཁན་རྒྱ་མི་དང་ས་གནས་སོག་རིགས་འབྲོག་པའི་བར་འཁོན་འཛིང་དོན་རྐྱེན་ཐེངས་མང་བྱུང་མྱོང་ཡོད་པ་རེད།  དེའི་རྒྱུ་རྐྱེན་གཙོ་བོ་ནི་གཏེར་ཁ་སྔོག་མཁན་རྒྱ་མི་ཚོས་ས་གནས་མི་མང་ལ་གོ་བསྡུར་དང་ཁྲིམས་མཐུན་གན་རྒྱ་གང་ཡང་མ་བཞག་པར།  བཙན་ཤུགས་ཀྱིས་མི་མང་གི་ལག་ནས་ས་ཆ་བཙན་འཕྲོག་གིས་གཏེར་ཁ་སྔོག་འདོན་བྱས་ཏེ།  ས་གནས་མང་ཚོགས་ཀྱི་ཁེ་ཕན་བཙན་འཕྲོག་བྱས་པར་མ་ཟད།  རྩྭ་ཐང་ལ་གང་བྱུང་གཏོར་སྐྱོན་བཟོས་པར་བརྟེན་ཁོར་ཡུག་ཉམ་ཆག་ཏུ་གྱུར་ཏེ་ས་གནས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲ་བཞིན་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་དེའང་སྤྱིར་བཏང་གི་འགྲུམ་འགྲུལ་དོན་རྐྱེན་ཙམ་མིན་པར། ཕྱི་ཟླ་ ༥ པའི་ནང་བྱུང་བའི་དོན་རྐྱེན་དང་ངོ་བོ་གཅིག་རེད།  རྗེས་ཕྱོགས་ད་དུང་དོན་རྐྱེན་འདི་རིགས་རྒྱུན་མི་ཆད་པར་ཇེ་མང་དུ་འགྲོ་ངེས་རེད། ཅེས་བརྗོད་འདུག   

ནང་སོག་ཝུའུ་ཧྲིན་ཆི་རྫོང་ནི་རྒྱ་ནག་ཧྲན་ཞི་ཞིང་ཆེན་དང་ཉིན་ཞཱ་ཧེ་རིགས་རང་སྐྱོང་ཁུལ་གཉིས་དང་མཐའ་འབྲེལ་ས་ཁུལ་ཡིན་པ་དང་། རྫོང་ཡོངས་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༡༦༤༥ ཡོད་པ་རེད།   དེང་སྐབས་ས་ཁུལ་དེར་མི་གྲངས་ཁྲི་ ༡༠ ཡོད་པའི་ནང་། སོག་རིགས་མི་ཁྲི་ ༣ མ་གཏོགས་མང་ཆེ་བ་རྒྱ་རིགས་ཡིན་འདུག 

 

     གྲངས་ཉུང་མི་རིགས་ཚང་མས་རང་སྐྱོང་གི་མིང་སྐམ་པོ་རེ་བཟུང་ནས་འདི་ལྟར་རྒྱ་ནག་གཞུང་གི་སྟངས་འཛིན་འོག་དཔོན་རིགས་དང་རྒྱ་རིགས་གྲངས་མང་གི་བརྙས་བཅོས་མྱོང་བཞིན་ཡོད། མི་གྲངས་ཁྲི་བཅུའི་ནང་ལ་སོག་རིགས་ཁྲི་གསུམ་ཙམ་ལས་མེད་པ་ཞིག་ལ་རང་སྐྱོང་གི་མིང་བཏགས་པ་དེ་མིང་ཙམ་ལས་ཅི་ཡང་མིན་པ་གསལ་རྟོགས་ཐུབ་པ་ཞིག་རེད། དེ་ལས་རང་སྐྱོང་གི་མིང་མེད་པ་བཟོས་ན་ཡག་གི་རེད། མགོ་སྐོར་གྱི་མིང་ཞིག་ཉར་ནས་བསླུ་བྲིད་མྱོང་ནས་ཅི་ལ་འདུག
བདག་གིས་བོད་སོག་ཡུ་གུར་སོགས་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་སྒྲིག་འཛུགས་སྟོབས་ལྡན་ཞིག་འཛུགས་རྒྱུ་དུས་ལ་བབས་འདུག་ཅེས་བཤད་ཀྱིན་ཡོད།
སོག་རིགས་མི་མང་གིས་རང་ས་སྲུད་སྐྱོབ་དང་མི་རིགས་ཀྱི་ཁེ་དབང་འདྲ་མཉམ་སླད་དུ་རང་སྲོག་བློས་གཏོང་གི་ལས་འགུལ་འདི་རིགས་སྤེལ་ཐུབ་རྒྱུར་ཡིད་ཆེས་ཡོད། གདུང་སེམས་མཉམ་སྐྱེད་ཡོད། མི་རིགས་འདྲ་མཉམ་དང་མི་རིགས་རང་སྐྱོང། མི་དམངས་ལ་དམངས་གཙོ་ཡོང་བར་མི་རིགས་ཚང་མས་སྒོ་ཀུན་ནས་འབད་དགོས།

ཉེ་ལམ་ཧོང་ཀོང་གི་བརྙན་འཕྲིན་གསར་ལམ་ཞིག་ཏུ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ནད་གཞི་ཞིག་གིས་འདས་གྲོངས་སུ་སོང་ཡོད་མེད་ཀྱི་གནས་ཚུལ་ཞིག་ཐོན་ཞིང་། སྐབས་དེར་རྒྱ་གཞུང་གི་མགྲིན་ཚབ་པ་ཚོས་ཀྱང་གསལ་བཤད་གང་ཡང་བྱས་མེད་ཀྱང་། རེས་གཟའ་ཉི་མའི་ཉིན་ཅང་ཙེ་མིན་བསྐྱར་དུ་མངོན་པ་དེ་ཆབ་སྲིད་ཀྱི་དོགས་གཞི་ཞིག་ཏུ་འགྱུར་ཡོད།

ཟླ་འདིའི་ཕྱི་ཚེས་  ཉིན། རྒྱ་ནག་པེ་ཅིན་དུ་ལྕགས་ཕག་ལོའི་གསར་བརྗེ་ལོ་༡༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མཱིན་ཡང་བསྐྱར་སྲིད་སྟེགས་སུ་མངོན་ཡོད་པ་རེད། ཉེ་བའི་ཟླ་གསུམ་གྱི་སྔོན་ལ་ཅང་ཙེ་མཱིན་ནད་མནར་གྱི་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་བྱུང་བའི་གནས་ཚུལ་གསར་ལམ་ཁག་ཏུ་ཁྱབ་མ་ཐག  སྲིད་དོན་དབྱེ་ཞིབ་པ་དག་གིས་ལོ་རྗེས་མའི་རྒྱ་ནག་གི་དཔོན་རིགས་གསར་བ་བསྐོ་འདེམས་ཀྱི་དབང་ཚད་ཐད།ཧུའུ་ཡི་ཕྱོགས་ཁག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱས་པ་རེད། ཡིན་ནའང་། ཐེངས་འདིར་ཅང་ཙེ་མཱིན་ཆེས་མཐོའི་གནད་ཡོད་མི་སྣ་ཨང་གཉིས་པའི་རྣམ་པའི་ཐོག་ནས། ཧུའུ་དང་མཉམ་དུ་སྲིད་སྟེགས་སྟེང་བསྐྱར་དུ་ཐོན་པ་འདིས། རྒྱལ་སྤྱིའི་གསར་ལམ་ཁག་དང་སྲིད་དོན་དབྱེ་ཞིབ་པ་དག་ལ་ཡང་བསྐྱར་གླེང་གཞི་གསར་བ་ཞིག་བསྐྲུན་ཡོད་པ་རེད།  

ཕྱི་ཚེས་ ༡༠ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་སྟེང་༼ ནད་ཀྱིས་མནར་བར་གྲགས་པའི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཡང་བསྐྱར་པེ་ཅིན་དུ་མངོན་པ༽ཞེས་པའི་གནས་ཚུལ་སྤེལ་ཏེ།  ཕྱི་ཚེས་  ཉིན་ཅང་ཙེ་མིན་གློ་བུར་དུ་སྲིད་སྟེགས་སྟེང་མངོན་པ་དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཤུགས་ཆེན་པོ་ཡོད་པར་ངོས་འཛིན་གནང་ཡོད་པར་མ་ཟད། ཨ་རིའི་བྷི་རའོ་ཁི་སི་སློབ་གླིང་Brookings Institutionགི་རྒྱ་ནག་ཉམས་ཞིབ་པ་ལིའི་ཁྲིན་གྱིས་ཀྱང་། ཞི་ཅིན་ཕེན་མ་འོངས་པར་རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་པར་གཏན་ཁེལ་བ་དེ་ནི་ཅང་ཙེ་མིན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་པས།  ལོ་རྗེས་མར་ཞི་ཅིན་ཕེན་ཆེས་མཐོའི་དབང་འཛིན་པར་བསྐོ་འཇོག་ཐད་གྱུར་ལྡོག་གང་ཡང་འབྱུང་མི་སྲིད་མོད། འབྱུང་འགྱུར་སྐབས་རྗེས་མའི་རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་པ་དམིགས་འདོན་གྱི་ཆེད་དུ།   སྐབས་བཅོ་བརྒྱད་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འདེམས་སྒྲིག་ཐད་ཧུའུ་དང་ཅང་གཉིས་བར་བསྐྱར་དུ་དབང་ཤུགས་འཐབ་རྩོད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་གི་མཐོ་རིམ་དབང་འཛིན་པ་དག་གི་ནང་མིར་འབྲེལ་བ་དམ་ཟབ་ཡོད་པའི་གནད་ཡོད་མི་སྣ་ཞིག་གིས་གསར་ལམ་ཁག་ཏུ། རྒྱ་གཞུང་གི་སྐབས་རྗེས་མའི་མཐོ་རིམ་དབང་འཛིན་དཔོན་རིགས་འདེམས་སྒྲིག་ཐད་ཀྱི་གནས་ཚུལ་སྣ་ཚོགས་ཤིག་ངས་ཐོས་བྱུང་” ཞེས་བརྗོད་དེ།  རྒྱ་གཞུང་གིས་ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་མ་གཏོགས། གཞན་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་  གཙོས་པའི་འཐུས་མི་ ༢༥ བསྐོ་འཇོག་ཐད་ད་དུང་འོས་མི་གཏན་ཁེལ་བྱུང་ཐུབ་མེད་པར་བརྟེན།  ད་ལྟའི་ཆར་པེ་ཅིན་གྱིས་དཔོན་རིགས་གསར་བ་བསྐོ་འདེམས་ཀྱི་ཕྱོགས་ནས་ཆབ་སྲིད་སྟངས་འཛིན་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་པར་མ་ཟད། ཞི་ཅིན་ཕིན་ཚུད་པའི་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་འགའ་ཤས་ཀྱི་ཉེ་འབྲེལ་ནང་མི་ཡང་གནས་སྐབས་པེ་ཅིན་ནས་ཁ་འབྲལ་དགོས་པའི་རེ་སྐུལ་བཏོན་ཏེ།  མཐོ་རིམ་དཔོན་རིགས་ཚོའི་ནང་མིའི་འགུལ་སྐྱོད་དང་བརྒྱུད་སྐུལ་ལ་བརྟེན་ནས་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་འཕོ་འགྱུར་གྱི་བརྒྱུད་རིམ་ལ་འགོག་རྐྱེན་ཡོང་རྒྱུར་དོགས་པ་སྐྱེ་བཞིན་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཆབ་སྲིད་དབྱེ་ཞིབ་པ་རེ་འགས་ཅང་ཙེ་མིན་གྱི་འཆི་གསོན་བདེ་ཐང་གི་གནད་དོན་ནི། མ་འོངས་པར་ཅང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡུས་ཀྲིན་ཧྲིན་དང་། ཐེན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཀྲང་ཀོ་ལིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཀྲང་ཏིག་ཅང་གསུམ་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ནང་སླེབ་ཐུབ་མིན་དང་། དེ་བཞིན། རྒྱ་གཞུང་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་ལིས་ཡོན་ཁྲའོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཀྲི་ཧྲན། རྒྱལ་སྲིད་ལྷན་ཁང་གི་རྒྱུན་ལས་ལི་ཅན་ཀྲུའུདང་ལིག་ཏུང་ཐེན་སོགས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འོས་མིའི་ཁྲོད་དམིགས་འདོན་ཡོང་ཐུབ་མིན་བཅས་ལ་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད། 

ཉེ་བའི་ལོ་འགའི་ནང་ཅང་ཙེ་མིན་ཕྱོགས་ཁག་གིས་བསྐོ་འཐེན་བྱས་པ་ལ་བརྟེན་ནས། ལི་ཁི་ཆང་སྐབས་རྗེས་མའི་རྒྱ་གཞུང་གི་སྲིད་འཛིན་དུ་བསྐོ་འཐེན་གྱི་ཧུའུ་ཅིན་ཐའོ་ཡི་དམིགས་ཡུལ་ལམ་ལྷུང་བྱུང་ཐུབ་མེད་པར་མ་ཟད།  ཧུའུ་དང་ཅང་གཉིས་བར་རྣོ་ངར་ལྡན་པའི་དབང་ཤུགས་འཐབ་རྩོད་ཀྱི་རྐྱེན་པས། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་འཐུས་མི་འདེམས་སྒྲིག་ཐད་ད་དུང་ཡང་གཅིག་གྱུར་ངོས་ལེན་འབྱུང་ཐུབ་ཀྱི་མེད། ཡིན་ནའང་།  རྒྱུན་ལས་འདེམས་སྒྲིག་གི་ཆེས་མཐའ་མའི་ཐག་གཅོད་དེ་ལོ་རྗེས་མའི་དཔྱིད་ཁར་གཏན་ཁེལ་ཁྱབ་བསྒྲགས་བྱ་དགོས་ཀྱི་ཡོད་པ་རེད།   

ཅང་ཙེ་མིན་ད་ལྟ་ལོ་ ༨༥ ཡིན་པ་དང་། ཐེངས་འདིར་བརྙན་འཕྲིན་དུ་ཐོན་སྐབས་ཁོའི་ལུས་པོ་སྔར་ལས་ལྷག་པར་རྒས་ཉམས་ཐོན་ཡོད་པར་མ་ཟད།  མི་སྣ་འགའ་རྒྱུན་དུ་ཁོའི་གཡས་གཡོན་ལངས་ཏེ་ལྟ་རྟོག་བྱེད་དགོས་ཀྱིན་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ

རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་སྔ་ཕྱིར་ཐེངས་གཉིས་ལ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དགོས་སྐོར་དང་། ད་ལྟའི་ཆར་དམར་ཤོག་པས་མཐའ་གཅིག་ཏུ་སྲིད་གཞུང་གི་འཐུས་ཚབ་བྱེད་པའི་རྣམ་པ་བསྒྱུར་ཏེ་ ༼དམཪ་ཤོག་དང་སྲིད་གཞུང་གཉིས་ཐ་དད༽བྱ་དགོས་པ་སོགསརྒྱ་གཞུང་གི་ཆབ་སྲིད་བཅོས་བསྒྱུར་ཐད་དོན་ཚན་  ཡི་བསམ་ཚུལ་བཏོན་ཡོད་འདུག   

     ཕྱི་ཟླ་  ཚེས་ ༡༤ ཉིན་རྒྱ་ནག་ཏ་ལེན་གྲོང་ཁྱེར་དུ་ཚོགས་པའི་སྐབས་ལྔ་པའི་ཌེ་བོ་སི་(Davos)རྒྱལ་སྤྱིའི་དཔལ་འབྱོར་དཔྱད་གླེང་ཚོགས་འདུའི་སྟེང་། ཚོགས་འདུའི་མཛད་སྒོའི་གཏམ་བཤད་སྐབས་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་སྐོར་ལ།  དང་པོ། ཁྲིམས་ལུགས་ལྟར་རྒྱལ་ཁབ་བསྐྱངས་ཏེ་དམར་ཤོག་གིས་སྲིད་གཞུང་གི་འཐུས་ཚབ་བྱེད་པ་བཅོས་བསྒྱུར་དང་། དབང་ ཤུགས་གཅིག་གཅོད་དང་ཚད་བརྒལ་གཅིག་སྡུད་ཀྱི་རྣམ་པ་ཤུགས་ཆེ་བའི་དམར་ཤོག་ཚོགས་ པ་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་བཅོས་བསྒྱུར་བྱ་དགོས་པ གཉིས་པ སྤྱི་ཚོགས་འདྲ་མཉམས་དྲང་བདེན་ཡོང་བ་བྱ་དགོས་པ  གསུམ་པ སྲིད་ཁྲིམས་དྲང་བདེན་དང་རང་དབང་ལྡན་པ་ཡོང་དགོས་པ བཞི་པ མི་དམངས་ཀྱི་དམངས་གཙོའི་ཁེ་དབང་སྲུང་སྐྱོབ་དང་།  ལྷག་པར་དུ་འོས་འདེམས་ཀྱི་ཁེ་དབང་དང་། གནས་ཚུལ་ཤེས་རྟོགས་ཀྱི་ཁེ་དབང་། མང་ཚོགས་མཉམ་ཞུགས་ཀྱི་ཁེ་དབང་། མང་ཚོགས་ཀྱིས་གཞུང་ལ་སྟངས་འཛིན་གྱི་ཁེ་དབང་བཅས་སྲུང་སྐྱོབ་བྱ་དགོས་པ  ལྔ་པ རུལ་སུངས་བཀག་སྡོམ་བྱ་དགོས་པ་བཅས་སོ།

     འཛམ་གླིང་དཔལ་འབྱོར་དཔྱད་གླེང་ཚོགས་འདུའི་དྲུང་ཆེ་ཁེ་ལོ་སི་སི་ཁེ་ཝེབ་(Klaus Schwab)ཀྱིས།  བྱེད་ཐབས་ག་འདྲ་ཞིག་གི་འོག་ནས་རྒྱ་ནག་དེ་འཆམ་མཐུན་ཡར་རྒྱས་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་སྐོར་དྲིས།

    ཝུན་ཅ་པའོ་ཡིས། ཉེ་བའི་ལོ་འགའི་རིང་ངས་ཆབ་སྲིད་བཅོས་བསྒྱུར་ཐད་གཏམ་གླེང་མང་པོ་བྱས་མྱོང་།  ཐེངས་འདིའི་ཚོགས་འདི་དེ་ཡང་། ད་ལྟ་ང་དང་ལྷན་དུ་ཡོད་པའི་མི་སྣ་དག་གིས་ཕན་ཚུན་སྐུལ་འདེད་གནང་བ་ཞིག་ཡིན་པར་མ་ཟད།  ངའི་ཀླད་པའི་ནང་འཁོར་བཞིན་པའི་བསམ་ཚུལ་མཐའ་དག་ནི་དོན་གྱིས་རྒྱལ་ཡོངས་མི་དམངས་ཀྱི་སྐུལ་འདེད་ཁོ་ན་ཡིན་སྟབས།  ང་ རང་ལ་ལས་འགན་ཧ་ཅང་ལྕི་མོ་ཡོད་པའི་སེམས་ཚོར་འདུག དེར་བརྟེན། ངེས་པར་དུ་ཡང་དག་པ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་ཕྱོགས་མང་པོའི་གནད་དོན་ཐད་ འཛིན་པའི་རང་གི་ལྟ་ཚུལ་དེ་གསལ་བོ་གླེང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། ཁོང་གིས་སྲིད་ཁྲིམས་དྲང་བདེན་དང་ སྤྱི་ཚོགས་འདྲ་མཉམ་སྲུང་སྐྱོང་བྱ་རྒྱུ་དེ་ནི། རྒྱ་ནག་རྒྱལ་ཡོངས་སྐབས་ ༡༡ པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གླེང་ཟིན་པ་ཞིག་ཡིན་པར་མ་ཟད། དམར་ཤོག་ཚོགས་པ་དང་སྲིད་གཞུང་ཐ་དད་བྱ་དགོས་པ་དེའང་།  ༡༩༨༠ ལོའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་སྟེང་ཏིན་ཞའོ་ཕིན་གྱིས་༼དམར་ཤོག་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་བཅོས་བསྒྱུར༽ཞེས་པའི་གཏམ་བཤད་ནང་བསྒྲགས་ཡོད་པ་ཞིག་ཡིན་སྟབས།  ད་ཆར་ལག་ལེན་དུ་བསྟར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་སྐོར་བརྗོད་འདུག   

      ཧུའུ་ཡའོ་པང་དང་ཀྲའོ་ཙི་ཡང་གིས་རྒྱ་གཞུང་གི་སྲིད་འགན་འཁུར་སྐབས། དམར་ཤོག་དང་སྲིད་གཞུང་ཐ་དད་བཅོས་བསྒྱུར་ལག་བསྟར་བྱ་རྩིས་བྱས་ཏེ། སྐབས་དེའི་གཞུང་གི་སྡེ་ཁག་རེ་འགའི་ནང་གི་དམར་ཤོག་རྩ་འཛུགས་མེད་པ་བཟོས་ཡོད་པ་དང་། ཕྱི་ལོ་ ༡༩༨༦ ནས་༡༩༨༧ ལོའི་བར་ཀྲའོ་ཙི་ཡང་གིས་མི་ལྔ་ལས་གྲུབ་པའི་རྒྱ་གཞུང་དབུས་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་དཔྱད་ཞིབ་ཚོགས་ཆུང་གི་འགན་ཁུར་སྐབས་ཀྱང་  ཝུན་ཅ་པའོ་དཔྱད་ཞིབ་ཚོགས་ཆུང་དེའི་ལས་གཞིའི་ཁྲོད་ཞུགས་མྱོང་ཡོད་ལ། སྐབས་དེར་ཁོ་རང་གི་ལས་ཀ་གཙོ་བོ་༼དམར་ཤོག་དང་སྲིད་གཞུང་ཐ་དད༽ཀྱི་ལས་གཞིའི་འགན་འཁུར་ཏེ་མགོ་ཁྲིད་ཚོར་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པ་དང་།  རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གསུམ་པའི་ཚོགས་འདུའི་ཐོག་ཀྲའོ་ཙི་ཡང་གི་སྙན་ཐོའི་ནང་དུ་༼དམར་ཤོག་དང་སྲིད་གཞུང་ཐ་དད༽སྐོར་གསལ་བོར་བཀོད་ཡོད་པ་རེད། ཡིན་ནའང་།ཕྱི་ལོ་ ༡༩༨༩ ལོར་དྲུག་བཞི་དོན་རྐྱེན་བྱུང་རྗེས། ཡང་བསྐྱར་ཕྱོགས་ཡོངས་ནས་དབང་ཆ་གཅིག་སྡུད་ལམ་ཕྱོགས་སུ་བསྐྱོད་དེ།  དམར་ཤོག་པས་སྲིད་གཞུང་གི་འཐུས་ཚབ་བྱ་རྒྱུ་མཁྲེགས་འཛིན་བྱས་སྟབས། སྐབས་ ༡༤ ནས་ ༡༧ བར་༼དམར་ཤོག་དང་སྲིད་གཞུང་ཐ་དད༽གྱི་བསམ་ཚུལ་དེ་གཞུང་གི་སྙན་ཐོའི་ནང་ཐེངས་གཅིག་ཀྱང་བཏོན་མྱོང་མེད།

ལོ་སྔོན་མའི་ཕྱི་ཟླ་  པར་ཧྲིན་ཁྲོན་དམིགས་བསལ་ས་ཁུལ་བཙུགས་ཏེ་ལོ་ ༣༠ འཁོར་བའི་དུས་དྲན་སྐབས། ཝུན་གྱིས་༼དམར་ཤོག་དང་སྲིད་གཞུང་ཐ་དད་༽དགོས་པའི་སྐོར་ཐོག་མར་གླེང་སློང་བྱས་ཡོད། ཡིན་ནའང་། ད་ལོ་ཕྱི་ཟླ་  པའི་ནང་རྒྱ་གཞུང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ཝུའུ་པང་ཀོ་ཡིས། ༼མི་སྒྲུབ་པ་ལྔ་༽ནན་བསྒྲགས་བྱས་ཏེ་ཁྲིམས་དང་སྒྲིག་གཞི་མཐའ་དག་གིས་དམར་ཤོག་པའི་མགོ་ཁྲིད་ལམ་ལུགས་ལ་ཤུགས་སྣོན་བྱ་དགོས་པ་བརྗོད་ཡོད། ཉེ་སྔོན་པེ་ཅིན་དུ་རྒྱ་ནག་གི་ཤེས་ལྡན་པ་ ༡༠༠ ལྷག་གིས་རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་བཙུགས་རྗེས་ཀྱི་ལོ་རྒྱུས་གནད་དོན་ཐད་ཀྱི་གྲོས་མོལ་སྐབས། བགྲོ་གླེང་པ་ཞིག་གིས་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གིས་དཔའ་འབྱོར་དྲིལ་བསྒྲགས་དང་།  རྒྱ་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆབ་སྲིད་བཅོས་བསྒྱུར་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི།  རྒྱ་གཞུང་གི་ཆབ་སྲིད་གནས་བབ་སྔར་ལས་རྙོག་འཛིང་དང་ཉེན་ཁར་འཕྲད་བཞིན་པའི་རྣམ་པ་ཞིག་རེད་ཅེས་བརྗོདཡོད།

རྒྱ་ནག་ཚན་རིག་གླིང་གི་ཆབ་སྲིད་ཞིབ་འཇུག་ཁང་གི་འགན་འཛིན་ཡཱན་ཅ་ཆིས་ཀྱིས། སྤྱིར་ཆབ་སྲིད་བཅོས་བསྒྱུར་བྱེད་པ་ལ་ལག་ལེན་དངོས་ཀྱི་ཐོག་འགྱུར་བ་གཏོང་དགོས་པ་ལས། སྐད་ཆ་ཚིག་འགའ་བརྗོད་པ་ཙམ་གྱིས་འགྱུར་བ་ཐེབས་མི་སྲིད་པས། ཝུན་ཅ་པའོ་ཡི་གཏམ་གླེང་དེ་དག་ནི་ད་ལྟ་ཁོ་རང་སྲིད་བློན་ལས་འཕོ་འགྱུར་འགྲོ་ལ་ཉེ་སྟབས།  མང་ཚོགས་ཁྲོད་རང་ཉིད་ལ་ཤུགས་རྐྱེན་ཡག་པོ་ཞིག་འཇོག་བསམ་པ་ཡིན་སྐོར་དང་།དེ་བཞིན། རྒྱ་ནག་མི་དམངས་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་གི་སློབ་དཔོན་ཀྲང་ཝུ་ཡིས་ཀྱིས་ཀྱང་།  ད་ལྟའི་རྒྱ་གཞུང་གི་དཔོན་རིགས་ཚོ་ནི་རྣམ་པ་འཁྲབ་སྟོན་གྱི་རིག་གནས་ཤིག་ཏུ་གྱུར་ཡོད་སྟབས། ཝུན་ཅ་པའོ་ཡི་དམིགས་ཡུལ་དེ་ཡང་བཤད་ཐུབ་ན་བཤད་རྐྱང་བྱེད་པའི་རྣམ་པ་ཙམ་ཡིན་སྐོར་བརྗོད་ཡོད།

གཞན་ཡང་། པེ་ཅིན་ཀྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཧུའུ་ཕེན་གྱིས། ཝུན་ཅ་པའོ་ཡིས་ཆབ་སྲིད་བཅོས་བསྒྱུར་སྐོར་གླེང་སློང་དང་མཉམ་དུ།  རྒྱ་གཞུང་གིས་སྔར་ལས་ལྷག་པར་ཁྲིམས་མེད་ལུགས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ།ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། དམངས་གཙོ་དོན་གཉེར་བ་མང་པོ་གང་འདོད་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་སྟངས་འདིས།  རྒྱ་ནག་གི་མཐོ་རིམ་དཔོན་རིགས་ནང་ཁུལ་དུ་ཆབ་སྲིད་བཅོས་བསྒྱུར་ཐད་འགལ་བ་ཤུགས་ཆེན་པོ་ཡོད་པ་མངོན་ཡོད་ཚུལ་དང་། ཆབ་སྲིད་དཔྱད་བརྗོད་པ་ཁྲིན་པའོ་ཁུང་གིས་༼ཁའེ་ཧྥང་༽དུས་དེབ་སྟེང་དཔྱད་རྩོམ་སྤེལ་ཏེ། རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོས་ཝུན་ཅ་པའོ་སྲིད་སྟེགས་སྟེང་ཁེར་རྐྱང་ལ་ཕུད་ཡོད་པ་དང་། ཅང་ཙེ་མེན་ཤོག་ཁག་གི་སྒེར་གཅོད་དབང་འཛིན་པ་བཞི་ཡོད་པའི་གྲས་ཀྱི་ཝུ་པང་ཀོ་ཡིས་རྒྱ་ནག་མི་དམངས་འཐུས་མིར་སྟངས་འཛིན་དང་། ལིས་ཁྲང་ཁྲོན་གྱིས་རྒྱ་གཞུང་དྲིལ་བསྒྲགས་ཁྱབ་ཁོངས་ལ་སྟངས་འཛིན། ཀྲུག་ཡུང་ཁང་གིས་རྒྱ་གཞུང་གི་ཁྲིམས་སྲིད་ལ་སྟངས་འཛིན།  ཅ་ཆིན་ལིན་གྱིས་ཆབ་སྲིད་ལྷན་ཁང་ལ་སྟངས་འཛིན་བྱས་ཏེ། མི་བཞི་ཚོགས་ཁག་གསར་འཛུགས་ཀྱིས་དམར་ཤོག་སྒེར་གཅོད་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས། ཁོ་ཚོ་བཞི་ནི་རྒྱ་ནག་ཆབ་སྲིད་བཅོས་བསྒྱུར་ཐད་འགག་རྡོ་ཆེན་པོ་བཞི་ཆགས་ཡོད་སྐོར་བརྗོད་འདུག 

ཐེངས་འདིའི་ཝུན་ཅ་པའོ་ཡི་ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་གཏམ་བཤད་དེ་རྒྱ་གཞུང་གསར་ལམ་ཁག་ཏུ་སྤེལ་མེད་ཀྱང་། གནས་འཕྲིན་དྲ་རྒྱ་དང་ཕྱི་རྒྱལ་གསར་ལམ་ཁག་བརྒྱུད་རྒྱ་ནག་མང་ཚོགས་ཁྲོད་གླེང་ཕྱོགས་ཤིག་བཟོས་ཡོད་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༩ ལོ་ནས་ད་ལྟའི་བར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་དྲག་གནོན་བཙོན་འཇུག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་མ་ཟད། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་བཀག་སྡོམ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ནི་སྤྱི་ཚོགས་ལ་གནོད་འཚེ་གཏོང་མཁན་གྱི་ལོག་ཆོས་ཤིག་ཡིན་སྐོར་གྱི་ལོག་འགྲེལ་རྒྱག་བཞིན་ཡོད་སྟབས། ཉེ་ལམ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱིས་རྒྱ་སྒོར་སྟེང་དུ་༼རྒྱ་གཞུང་ནི་མིའི་སྤྱི་ཚོགས་ལ་གནོད་འཚེ་སློང་མཁན་ཡིན་པས། སྤྱི་ཚོགས་བདེ་འཇགས་ཡོང་ཐབས་སུ་དམར་ཤོག་ཚོགས་པ་དང་ཐཱུན་ཚོགས་པ། ལོ་ཆུང་རུ་མིའི་ཚོགས་པ་གསུམ་ནས་ཕྱིར་འཕུད་བྱ་དགོས༽ ཞེས་པ་དང་། ༼དམར་ཤོག་ཚོགས་པ་ལས་ཕྱིར་འཕུད་ཀྱི་འབྲེལ་གཏུགས་ཁ་པར་ཨང་། ༠༠༡༥༡༤༣༤༢༡༠༢༣ ༽ཞེས་པ། ༼ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་འཛམ་གླིང་ཁྱོན་ལ་སྤེལ་ཏེ། དྲང་བདེན་དང་བརྩེ་བ། བཟོད་བསྲན་བཅས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་དགོས༽སོགས་རྒྱ་གཞུང་གི་ཉེས་སྤྱོད་ཐེར་འདོན་གྱི་བརྗོད་ཚིག་སྣ་ཚོགས་བཀོད་དེ། མང་ཚོགས་ཁྲོད་དངོས་ཡོད་གནས་ཚུལ་ཤེས་རྟོག་ཡོང་བའི་ཐབས་ཤེས་བྱས་ཡོད་པ་རེད། 

 

གོང་གསལ་བརྗོད་ཚིག་དེ་དག་བཀོད་ཡོད་པའི་རྒྱ་གར་དག་གི་བརྗོད་ཚིག་ཡིག་འབྲུའི་ཁ་དོག་དང་། ཤོག་སྒོར་གྱི་མཚོན་མདོག་སྡེབ་སྒྲིག་སོགས་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་བཟོས་ཡོད་སྟབས། བལྟས་མ་ཐག་ཤོག་སྒོར་རང་སྟེང་ཐོག་མ་ནས་ཡོད་པ་ཞིག་ཏུ་སྣང་བར་བཟོས་ཡོད་འདུག   ཉེ་སྔོན་རྒྱ་ནག་པེ་ཅིན་དུ་ཡོད་པའི་དབྱིན་ཇིའི་དངུལ་རྩའི་གསར་ཤོག་གི་གསར་འགོད་པ་ཨན་ཌིར་ལེ་ནཱ་ཡིས། རང་ཉིད་ཀྱི་དྲ་ཐོག་ཟིན་བྲིས་ནང་དེའི་སྐོར་གྱི་གནས་ཚུལ་སྤེལ་བ་ལྟར་ན། ལས་འགུལ་དེ་ཐོག་མར་རྒྱ་ནག་པེ་ཅིན་དང་ཧྲང་ཧེ་གྲོང་ཁྱེར་གཉིས་ནས་བརྩམས་ཤིང་། ཐོག་མའི་དུས་སྐབས་སུ་ཤོག་སྒོར་སྟེང་སྨྱུ་གུས་བྲིས་ཏེ་བཀྲམས་ཡོད་པ་དང་། རྗེས་སུ་བརྗོད་ཚིག་དེ་དག་དཔར་ཤིང་ལ་བཏབས་རྗེས་ཤོག་སྒོར་སྟེང་ཐད་ཀར་དཔར་ཡོད་འདུག

རྒྱ་གཞུང་ལ་ཐེར་འདོན་གྱི་བརྗོད་ཚིག་དེ་དག་བཀོད་ཡོད་པའི་རྒྱ་སྒོར་དག་ནི། སྒོར་གྲངས་གཅིག་ཅན་དང་ལྔ་ཅན། བཅུ་ཅན། ཉི་ཤུ་ཅན་སོགས་ཡིན་འདུག   

 

ཟླ་འདིའི་ཕྱི་ཚེས་  ཉིན། རྒྱ་ནག་ཅིང་ཞིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་གཞི་རིམ་ཞིང་ལས་བ་དང་བཟོ་ལས་པ ༥༠༠ ལྷག་གིས་མགོ་ལ་རས་དཀར་པོ་དཀྲིས་ཤིང་། ལུས་ལ་"མ་ཉེས་ཁ་གཡོགས" དང་ "རྫུན་འགེབས" སོགསཀྱི་ཡི་གེ་བྲིས་ཏེ། རྒྱ་གཞུང་ལ་ངོ་རྒོལ་ཆེད་ཟམ་ཐོག་ནས་སྡེབ་གཅིག་ཏུ་མཆོངས་ཏེ་རང་ཤི་རྒྱག་འཆར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དྲག་ཆས་དམག་མི་ ༥༠༠ ལྷག་བཏང་སྟེ་ངོ་རྒོལ་དེ་དག་གི་མཐའ་སྐོར་ཏེ་འགོག་སྲུང་བྱས་ཡོད་པ་མ་ཟད། ལས་འགུལ་བ་དག་ལ་དྲག་རྡུང་དང་སྐོར་ཞིག་འཛིན་བཟུང་བཀར་ཉར་བྱས་ཡོད་འདུག

ཧོང་ཀོང་ཤར་ཕྱོགས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ནན་ཁྲང་གྲོང་ཁྱེར་གྱི་བཟོ་བ་དང་ཞིང་བ་མང་ཚོགས་ཀྱིས་རང་ཤི་རྒྱག་རྩིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི། ཅང་ཞིས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ་གཙོས་པའི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོསདབང་ཆ་སྒེར་གཅོད་བྱས་ཏེ་མི་དམངས་ཀྱི་རྒྱུ་ནོར་ཧམ་ཟ་དང་།  ཁང་ཁྱིམ་དང་ས་ཁང་བདག་དབང་བཙན་འཕྲོག་བྱས་པ་མ་ཟད། གཞན་གུན་གསབ་དང་ཕོག་དངུལ་མ་ཐོབ་པར་ཞུ་གཏུག་བྱེད་མཁན་མང་པོ་ཞིག་ལ་མ་ཉེས་ཁག་གཡོགས་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ལ་བརྟེན་ཏེ་བྱུང་སྐོར་བཀོད་འདུག  

རང་ཤི་རྒྱག་པའི་ངོ་རྒོལ་ཁྲོད་ཞུགས་མཁན་མང་ཚོགས་ཤིག་གིས་བརྗོད་ན། ཅང་ཞིས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ་ཁྲིན་བྷེན་གྱིས།  ཕྱི་ལོ་ ༢༠༠༤  ནས་བཟུང་དབང་ཆ་སྒེར་གཅོད་བྱས་ཏེ། གཞུང་གི་འཛུགས་སྐྲུན་ཁག་གི་མ་དངུལ་སྒེར་ཟོས་དང་། ཁེ་ལས་བ་དག་དང་ལྐོག་འབྲེལ་གྱིས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱས་ཏེ་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱིར་  ལྷག་ལྐོག་ཟ་བྱས་ཡོད་ཚུལ་སོགས་བསྒྲགས་འདུ

挪威诺贝尔委员会已经决定,将2010年诺贝尔和平奖授予刘晓波,以表彰他为中国基本人权所作的长期非暴力抗争。诺贝尔奖委员会长期以来就认为,人权与和平密切关联。这些基本权利正是诺贝尔创始人阿尔弗雷德·诺贝尔遗嘱中所写的“各民族间的兄弟情义”的先决条件。

在过去的几十年,中国已经取得了史无前例的经济进步,现已成为世界第二大经济体,亿万人民已经摆脱贫困,政治参与的范围也在扩大。

中国的新地位必须意味着增进的责任。中国违反了它所签署的几个国际协议,也违反它自己有关政治权利的规定。中国《宪法》第35条规定:“中华人民共和国公民有言论、出版、结社、游行、示威的自由。”实际上,这些自由已被证实明显地对中国公民的缩减了。

过去二十多年,刘晓波已经成为要在中国应用这些基本人权的强有力发言人。他参与了1989年的天安门抗议;他是《零 八宪章》的一位主要作者,这些权利的宣言发表于联合国《世界人权宣言》六十周年的2008年12月10日。次年,刘晓波以“煽动颠覆国家政权”被判处有期 徒刑十一年并剥夺政治权利二年。刘晓波一直坚持这个判刑违反了中国自己的宪法和基本人权。

在国内外的许多中国人正发动在中国建立普世人权的运动。刘晓波通过被判入狱的严厉惩罚,已经成为这个在中国争取人权的广泛斗争的最重要标志。

奥斯陆,2010年10月8日

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།