འཁང་གཞས་ཆེན་མོ།
༡༽ མགོན་པོ་འོད་དཔག་མེད་ལགས། བདེ་བ་ཅན་ལ་བཞུགས་ཟེར། དེ་སྲས་པཎ་ཆེན་བླ་མ། མི་ཡུལ་བཙོན་རར་བཞུགས་འདུག སངས་རྒྱས་འདི་འདྲ་ཡིན་ན། མི་ཡུལ་ཕེབས་ནས་ཅི་བྱེད། སུ་ཡིས་སུ་ཞིག་སྐྱོབ་རྒྱུ།
༢༽ པཎ་ཆེན་སྣང་བ་མཐའ་ཡས། འོད་ཟེར་སྤྲོ་རྒྱུ་མིན་ན། མུན་ནག་ནང་གི་ང་ཚོས། རང་ལུས་མཆོད་མེར་སྦར་ནས། གསོལ་བ་སྨོན་ལམ་བཏབ་པ། དོན་མེད་སྡུག་གྱོང་མིན་ནམ། ཐུགས་རྗེའི་སྤྱན་ཆབ་གང་ན།
༣༽ བདེ་ལྡན་ཞིང་གི་མགོན་པོ། སྤྱན་རས་གཟིགས་དབང་རྣམ་སྤྲུལ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་ཡུལ་འཁྱམ་ཚུལ་བསམས་ན། ཕྱག་སྟོང་སྤྱན་སྟོང་དེ་ཡང། དེ་ག་ཙམ་ཞིག་རེད་ཨང། སྙིང་རྗེ་ཕར་སྐྱེ་ཚུར་སྐྱེ།
༤༽ གཅིག་ནི་ཚེ་གང་འཁྱམ་པོ། གཅིག་ནི་ཚེ་བཙོན་ཉམ་ཆུང། རྒྱལ་བ་པཎ་ཆེན་རྣམ་གཉིས། བསྟན་འགྲོའི་དོན་ཆེན་ཕར་ཞོག བོད་མིའི་བདེ་སྡུག་ཚུར་ཞོག རང་མགོ་ཐོན་པ་གནང་དང། ང་ཚོའི་བློ་སེམས་བདེ་འོང།
༥༽ ད་ནས་ལྷ་ལ་མི་རེ། སྨོན་ལམ་སྟོང་བ་མི་འདེབས། དམར་ཕྱོགས་འདྲེ་ལ་མི་རྒོལ། རང་ལུས་གསོན་སྲེག་མི་བྱེད།
གཞན་དབང་ལྕགས་སྒྲོག་སྔོན་མོ། སྐེ་ལ་རྒྱན་དུ་བཅངས་ཏེ། འཆི་བདག་ཁྲིམས་ལ་སྒུག་ཆོག
བླ་མ་མཁྱེན།
དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།
རང་དབང་མེད། ཆོས་དད་རང་དབང་མེད། སྨྲ་བརྗོད་རང་དབང་མེད།
བླ་མ་ལགས། ཐུགས་རྗེས་གཟིགས།
དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།
འདྲ་མཉམ་མེད། ཐོབ་ཐང་འདྲ་མཉམ་མེད། མི་རིགས་འདྲ་མཉམ་མེད།
བླ་མ་ལགས། ཐུགས་རྗེས་གཟིགས།
དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།
སྡུག་བསྔལ་མང། ལུས་ལ་གཅར་རྡུང་མང། སེམས་ལ་རྨ་ཁ་མང།
བླ་མ་ལགས། ཐུགས་རྗེས་གཟིགས།
དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།
ངོ་རྒོལ་བྱེད། འཚེ་མེད་ངོ་རྒོལ་བྱེད། རང་སྲོག་མཆོད་པ་འབུལ།
བླ་མ་ལགས། ཐུགས་རྗེས་གཟིགས།
དཀོན་མཆོག་མཁྱེན། བླ་མ་མཁྱེན། བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།
མཇལ་ན་འདོད། གཞིས་བྱེས་མཉམ་འཛོམས་འདོད། རང་ཁྱིམ་རང་སྐྱོང་འདོད།
བླ་མ་ལགས། ཐུགས་རྗེས་གཟིགས།
བླ་མ་ལགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས།
My Lama
Think of me the precious one, my lama, O Gyalwa Tenzin Gyatso
Denied freedom, deprived religious rights, without freedom of speech,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
No equality, refused equal rights, discriminated against,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Too much suffering, physical tortures, psychological hurts,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Resistance, non-violent resistance, I offer my body on fire,
O lama, look upon me with kindness!
Think of me the precious one, my lama, O Gyalwa Tenzin Gyatso
Want to meet, meet of all Tibetans, want to rule my own country,
O lama, look upon me with kindness!
Look upon me with compassion!
Look upon me with empathy!!
Translated by Buchung D. Sonam
བཀྲས་ཆུང་ལགས་ཀྱིས་གདངས་བརྩམས་ཟིན།
འཁང་གཞས་ཆེན་མོ།
༡༽ མགོན་པོ་འོད་དཔག་མེད་ལགས། བདེ་བ་ཅན་ལ་བཞུགས་ཟེར། དེ་སྲས་པཎ་ཆེན་བླ་མ། མི་ཡུལ་བཙོན་རར་བཞུགས་འདུག སངས་རྒྱས་འདི་འདྲ་ཡིན་ན། མི་ཡུལ་ཕེབས་ནས་ཅི་བྱེད། སུ་ཡིས་སུ་ཞིག་སྐྱོབ་རྒྱུ།
༢༽ པཎ་ཆེན་སྣང་བ་མཐའ་ཡས། འོད་ཟེར་སྤྲོ་རྒྱུ་མིན་ན། མུན་ནག་ནང་གི་ང་ཚོས། རང་ལུས་མཆོད་མེར་སྦར་ནས། གསོལ་བ་སྨོན་ལམ་བཏབ་པ། དོན་མེད་སྡུག་གྱོང་མིན་ནམ། ཐུགས་རྗེའི་སྤྱན་ཆབ་གང་ན།
༣༽ བདེ་ལྡན་ཞིང་གི་མགོན་པོ། སྤྱན་རས་གཟིགས་དབང་རྣམ་སྤྲུལ། རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་ཡུལ་འཁྱམ་ཚུལ་བསམས་ན། ཕྱག་སྟོང་སྤྱན་སྟོང་དེ་ཡང། དེ་ག་ཙམ་ཞིག་རེད་ཨང། སྙིང་རྗེ་ཕར་སྐྱེ་ཚུར་སྐྱེ།
༤༽ གཅིག་ནི་ཚེ་གང་འཁྱམ་པོ། གཅིག་ནི་ཚེ་བཙོན་ཉམ་ཆུང། རྒྱལ་བ་པཎ་ཆེན་རྣམ་གཉིས། བསྟན་འགྲོའི་དོན་ཆེན་ཕར་ཞོག བོད་མིའི་བདེ་སྡུག་ཚུར་ཞོག རང་མགོ་ཐོན་པ་གནང་དང། ང་ཚོའི་བློ་སེམས་བདེ་འོང།
༥༽ ད་ནས་ལྷ་ལ་མི་རེ། སྨོན་ལམ་སྟོང་བ་མི་འདེབས། དམར་ཕྱོགས་འདྲེ་ལ་མི་རྒོལ། རང་ལུས་གསོན་སྲེག་མི་བྱེད། གཞན་དབང་ལྕགས་སྒྲོག་སྔོན་མོ། སྐེ་ལ་རྒྱན་དུ་བཅངས་ཏེ། འཆི་བདག་ཁྲིམས་ལ་སྒུག་ཆོག
འབྲུག་ལོའི་ཤིས་སྨོན།
སྙན་ལྷང་ལྷང་ལྷང་ཞིག་དགུང་ནས་གྲགས།
བོད་གནམ་ལོ་གསར་བའི་རྟེན་འབྲེལ་རེད།
འབྲུག་ལྗང་ལོའི་ངར་སྐད་ལྡིར་ལྡིར་འདིས།
རྐྱེན་བར་གཅོད་ཐམས་ཅད་ཟློག་པར་སྨོན།
དམར་ལམ་ལམ་ལམ་ཞིག་བོད་ནས་འབར།
བོད་རང་དབང་སླར་གསོའི་རྟེན་འབྲེལ་རེད།
སྲོག་དམར་པོའི་མཆོད་མེའི་ཕྲེང་བ་འདིས།
སྡུག་མུན་དགུ་སེལ་བའི་བཀྲ་ཤིས་ཤོག
འོད་ཆེམ་ཆེམ་ཆེམ་ཞིག་ཤར་ནས་འཕྲོས།
ནུབ་མུན་གླིང་གསལ་བའི་རྟེན་འབྲེལ་རེད།
རྗེ་བླ་མའི་བྱིན་རླབས་འོད་སྟོང་གིས།
གླིང་ཆེན་པོར་བདེ་དགའ་རྒྱས་པར་སྨོན།།
མེ་ལྕེ།
མེ་ལྕེ་རེ་རེ་ལྷམ་ལྷམ་འབར།
རང་དབང་གི་ཆེད་དུ་འབར་སོང།
མིའི་རིགས་ཀྱི་ཆེད་དུ་འབར་སོང།
དམངས་གཙོ་ཡི་ཆེད་དུ་འབར་སོང།
བདེན་དཔང་གི་ཆེད་དུ་འབར་སོང།
དཔའ་བོའི་གཟི་བརྗིད་གནམ་འོག་ཁྱབ་ཤོག
མེ་ལྕེ་རེ་རེ་ལྷམ་ལྷམ་དུ་འབར།
མེ་ལྕེའི་འོད་སྣང་ཕྱོགས་ཀུན་མཆེད།
གདུག་རྩུབ་ཀྱི་གདོང་འབག་བསྲེགས་ཏེ།
བདེན་ལུགས་ཀྱི་རྒྱབ་ལྗོངས་གསལ་སོང།
རེ་སྤོབས་ཀྱི་གསོན་ཤུགས་སྦར་སོང།
དཔའ་བོའི་བྱས་རྗེས་གནམ་འོག་ཁྱབ་ཤོག
མེ་ལྕེ་རེ་རེ་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ།
མེ་ལྕེ་རེ་རེ་མི་རིགས་ཀྱི་སྡུག་བསྔ་དང་རེ་སྨོན།
མེ་ལྕེ་རེ་རེ་རྒྱལ་ཁའི་མདུན་སྐྱོད་ཀྱི་དཔལ་འབར།
མེ་ལྕེ་རེ་རེ་ང་ཚོའི་སེམས་ཁོང་ན་འབར་བའི།
རྒྱལ་གཅེས་དཔའ་བོའི་རྣམ་ཤེས་གསོན་པོ།
དཔའ་བོའི་མཚན་སྙན་གནམ་འོག་ཁྱབ་ཤོག
བདེན་པའི་རྒྱལ་ཁ་མྱུར་ཏུ་ཐོབ་ཤོག།
༢༠༡༡།༡༡།༣ལ། རྒྱལ་གཅེས་དཔའ་རྒོད་ཚོའི་ཚབ་ཏུ་་
ཁུ་ཚུར་གཅིག
བོད་དང་སོག་པོ་ཡུ་གུར་དང།
རྒྱ་དང་མན་ཇུ་མི་རིགས་ལྔ།
ལག་པ་གཅིག་གི་མཛུབ་མོ་འདྲ།
མཛུབ་མོ་ལྔ་བཅངས་ཁུ་ཚུར་གཅིག
ཁུ་ཚུར་ལྕགས་གོང་དམ་དུ་སྒྲེང།
དྲག་པོའི་དཔུང་ལ་འཇིགས་པ་མེད།
བོད་སོག་ཡུ་གུར་མན་ཇུ་སོགས།
ལོ་རྒྱུས་ལྡན་པའི་མི་རིགས་ཡིན།
སྐྱིད་སྡུག་གཅིག་པའི་མི་རིགས་ཡིན།
ཐོབ་ཐང་འདྲ་མཉམ་མི་རིགས་ཡིན།
མི་རིགས་ཚང་མའི་རེ་སྨོན་གཅིག
དམངས་གཙོའི་རྒྱལ་དར་མཁའ་ལ་སྒྲེང།
མི་དང་མི་རིགས་འདྲ་མཉམ་ཡིན།
རང་དབང་ཐོབ་ཐང་ཀུན་ལ་དགོས།
འཚེ་མེད་ཞི་བའི་ངོ་རྒོལ་ཆེའི།
བདེན་དོན་རྩོད་པའི་འཐབ་རྩོད་འདིར།
འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་མཛོད།
རྒྱ་ནག་དམར་ཤོག་ཕམ་གྱུར་ཅིག།
༢༠༡༡།༡༡།༨།
དབུ་མ་མ་གོ་དབུ་འཐོམས་བྱུང་བ་མང། དབུ་མ་མ་རྟོགས་དབུ་ཐད་གཡུགས་པ་མང།
དབུ་མ་དབུ་ལ་བཀུར་བའི་ཁ་མཁས་མང། དབུ་མ་ལག་ལ་ལེན་པའི་དབུལ་པོ་མང།
དབུ་ལམ་ཚུར་སྣེར་བོད་ཀྱི་རེ་བ་ཞིག དབུ་ལམ་ཕར་སྣེར་རྒྱ་ཡི་རེ་བ་ཞིག
དབུ་མའི་ལམ་ན་ཞི་བདེའི་འཚོ་གནས་ཞིག དབུ་མའི་ལམ་བཟོ་མེད་ན་ཅི་ཡང་མེད།
ལམ་མཁན་དབུ་མའི་སྟོན་པ་སུ་དང་སུ། ལམ་འགྲོ་དབུ་མའི་ལམ་གྲོགས་དུ་དང་དུ།
ལམ་བར་ཕྱི་ནང་འགལ་རྐྱེན་གང་དང་ཅི། ལམ་སྲུང་གྲོགས་ཚོར་ནུས་པ་ཅི་དང་གང།
ཡར་གྱི་གནམ་ལ་རེ་ནས་སླེབས་ས་མེད། མར་གྱི་མཚོ་ནང་ལྷུང་ལ་ཉེན་ཁ་ཆེ།
དེ་བས་རི་རབ་ཆེན་པོའི་རྐང་ལམ་འདིར། རང་གི་ཚེ་སྲོག་འཚོ་ལ་གཟབ་པར་འཚལ།