འོག་གི་དོན་རྐྱེན་འདི་རིགས་བྱུང་སྐབས་ཁྲིམས་གཏུགས་དང་ངོ་རྒaོལ་སྐད་འབོད་བྱེད་དགོས། དཔེར་ན་ནང་སོག་བཞིན། འདིའི་ཐད་ལ་ས་གནས་མགོ་ཁྲིད་དང་ཤེས་ཡོན་ཅན། ད་དུང་འབྱོར་ལྡན་ཚོ་བཅས་ཚང་མས་གདུང་སེམས་མཉམས་སྐྱེད་གནང་དགོས། འདི་རིགས་དོན་ཆུང་དང་སྣང་མེད་དུ་འཇོག་མི་རུང། ཆེ་ས་གཞུང་དང་ཆུང་ན་རྒྱ་མི་སྒེར་བ་སུ་ཡིན་ཡང་ཚེ་སྲོག་གི་རྩེ་སྤྱད་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། 


འདས་པའི་ལོ་བཅུ་ལྷག་གི་རིང་རྒྱ་གཞུང་གིས་བོད་མདོ་སྨད་མཚོ་ནུབ་ཐེམ་ཆེན་རྫོང་ཁོངས་སུ་ཡོད་པའི་མུ་རུའི་རྡོ་སོལ་གཏེར་ཁ་བསྔོག་འདོན་རྒྱ་བསྐྱེད་བྱས་ཡོད་པར་མ་ཟད། ལོ་ལྟར་ས་གནས་བོད་མི་མང་པོར་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བརྡུང་སྟེ་ཤི་རྨས་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ད་ལོ་གཅིག་པུར་རྒྱ་གཞུང་གི་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བོང་སྟག་ཚོ་བའི་བོད་པ་ཡུལ་མི་ ༤ དམར་གསོད་དང་ ༥ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ཡིན་ནའང་། ད་ལྟའི་བར་ས་གནས་རྒྱ་གཞུང་གིས་ཤི་རྨས་དོན་རྐྱེན་དེ་དག་གསང་སྦས་བྱས་སྟབས་གསར་ལམ་ཁག་ཏུ་ཐོན་ཐུབ་མེད་པ་རེད།

ཕྱི་ཚེས་ ༡༡ ཉིན་ཟིན་བྲིས་པ་ཞིག་གིས་དྲ་ཐོག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༣ ཉིན་ཐེམ་ཆེན་རྫོང་གི་ཐེན་མུ་གཞུང་ལམ་གྱི་ལམ་ཐིག་ལེ་དབར་ ༩༠ མཚམས་སུ། ལུང་དམར་རུ་ཁག་གཉིས་པའི་སྐར་མ་ཐུབ་བསྟན་བཟའ་མི་གཉིས་ལ་རྡོ་སོལ་སྐྱེལ་འདྲེན་རླངས་འཁོར་གྱིས་བརྡུང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༨ ཉིན་ཡང་བསྐྱར་ལམ་ཐིག་ལེ་དབར་ ༩༠ ལྷག་གི་མཚམས་སུ་ལུང་དམར་རུ་ཁག་དང་པོའི་ཨ་ཙོ་དང་། རུ་ཁག་གཉིས་པའི་ཐུགས་རྗེ་གཉིས་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་དམར་གསོད་བཏང་འདུག  ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ལམ་ཐིག་ལེ་དབར་ ༨༠ མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་རུ་གཙོ་ཟུར་པ་ཀུ་རྒྱ་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་ད་ལྟ་ཞ་འཁུམ་དུ་གྱུར་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ལུང་དམར་རུ་ཁག་གཉིས་པའི་གངས་རི་རྒྱལ་ལ་རྡོ་སོལ་རླངས་འཁོར་གྱིས་བརྡུང་སྟེ་རྐང་པ་ཡ་གཅིག་གཏུབ་ཡོད་འདུག ཕྱི་ཟླ་ ༧ ཚེས་ ༢ ཉིན་ལམ་ཐིག་ལེ་དབར་ ༡༠༠ ཙམ་གྱི་མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་སངས་འབྲུག་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་དམར་གསོད་བཏང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༩ ཉིན་ལམ་ཐིག་ལེ་དབར་ ༡༠༠ ལྷག་གི་མཚམས་སུ་རུ་ཁག་གཉིས་པའི་ཀླུ་འབྲུག་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་རྐང་བ་ཡ་གཅིག་གཅོད་དགོས་བྱུང་འདུག ཕྱི་ཟླ་ ༧ ཚེས་ ༡༦ ཉིན་ལེ་དབར་ ༦༠ མཚམས་སུ་ལུང་དམར་རུ་ཁག་གཉིས་པའི་མཱི་ཅིན་ལ་རྡོ་སོལ་རླངས་འཁོར་གྱིས་རྡུང་སྟེ་དམར་གསོད་བཏང་ཡོད་འདུག 

དེ་སྔོན་བོང་སྟག་ས་ཁུལ་དུ་རྡོ་སོལ་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་ཁ་ལོ་པ་ཞིག་གིས། མཚོ་སྔོན་པོའི་མཚོ་ཤར་གྱི་ལུག་གསོ་ར་བའི་ཁྲོམ་ཞིག་རླངས་འཁོར་འོག་གཅིར་ཏེ་གསོད་པ་ལས། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན་དེའི་འགྲོ་སོང་དམའ་བ་འདུག ལུག་རྒྱུད་ལེགས་བསྒྱུར་བྱེད་སྤྱད་ཀྱི་ཁྲོམ་ཞིག་བསད་པ་ཡིན་ན་རྒྱ་སྒོར་ཁྲི་ ༡༨ ཀྱི་སྐྱིན་ཚབ་སྤྲོད་དགོས་པ་དང་། ཐེམ་ཆེན་རྫོང་གི་འབྲོག་པ་ཞིག་བསད་པ་ཡིན་ན། ཐ་ན་སྣོག་བརྒྱབ་སྟེ་སྨན་རིན་ཙམ་དང་སེམས་གསོ་ཙམ་ཡང་མ་བྱས་ན་ཆོག་པ་རེད་ཅེས་བརྗོད་མྱོང་ཡོད་འདུག

ཟིན་བྲིས་དེའི་ནང་ “ དཔལ་ཡོན་སྤྱི་ཚོགས་སྐད་པའི། ཁྲིམས་ལྡན་སྤྱི་ཚོགས་སྐད་པའི། ཞི་བདེའི་སྤྱི་ཚོགས་སྐད་པའི། འཆམ་མཐུན་སྤྱི་ཚོགས་སྐད་པའི། དེ་རིང་གི་སྲིད་གཞུང་གིས་ངའི་ཡུལ་མི་དག་འདི་ལྟར་རྩྭ་མི་ཤིང་མི་རུ་བལྟ་བཞིན་ཡོད ” ཅེས་བཀོད་དེ། ཟིན་བྲིས་སུ་བཀོད་པའི་ཡུལ་མི་ཤི་རྨས་ཀྱི་གྲངས་ཀ་དེ་ནི་ད་ལོ་གཅིག་པུར་ཁོ་ཚོའི་སྡེ་བའི་ནང་བྱུང་བའི་དོན་རྐྱེན་དག་ཡིན་པ་དང་། ཐེམ་ཆེན་རྫོང་ཁོངས་ཀྱི་མུ་རུའི་རྡོ་སོལ་གཏེར་ཁ་བསྔོག་འདོན་བྱས་ཏེ་ལོ་བཅུ་གྲངས་ལྷག་འདས་ཟིན་ཡོད་པ་དང་། ད་ལྟའི་བར་རྡོ་སོལ་སྐྱེལ་འདྲེན་དང་འབྲེལ་བའི་དོན་རྐྱེན་ཁྲོད་ཡུལ་མིར་ཤི་རྨས་ཐེབས་པའི་གྲངས་ཀ་ནི་དེ་བས་ཀྱང་མང་བའི་སྐོར་བརྗོད་འདུག 

གཞན་ཡང་། ཟིན་བྲིས་པ་དེས་ཤི་རྨས་དོན་རྐྱེན་གྱི་གནས་ཚུལ་བཀོད་པའི་མཇུག་ཏུ། “ ངའི་ཕ་ས་གཡང་གི་ཟོ་བ་དེ། དམར་ཁྲག་གི་འཁོར་ལོས་བརྫི་ཡིན་ཡོད། ངའི་ཕུ་ནུ་དུང་གི་སོ་ཕྲེང་དེ། འཇིགས་ལྕགས་ཀྱི་སོ་ཁས་གཏུབས་ཀྱིན་ཡོད། ལུས་རིན་ཆེན་གསེར་མཁར་ཡིན་ནོ་ཟེར། གསེར་ས་རུ་བསྲེ་ཚུལ་འདི་འདྲ་རེད། སྲོག་གཅེས་རྒུ་ནོར་བུ་ཡིན་ནོ་ཟེར། ནོར་ཐལ་བར་གཏོང་ཚུལ་འདི་ལ་ལྟོས། ” “ལར་དོ་ཞགས་སྨྲེང་བ་ལྷུག་ལྷུག་འོང་། མིག་ཁྲ་ཆུང་བལྟས་བལྟས་རིག་རིག་ལ། དུང་ཟླ་བ་གཟའ་ཡིས་ཁྱུར་མིད་བརྒྱབ། སྡུག་ཁུར་བོའི་ཁ་སྣོན་མིན་ནམ་ཅི། མཆོད་མར་མེའི་དཔང་བོ་ཡོད་བཞིན་དུ། སྨག་ནག་མོ་ལིང་ཏོག་གློར་བྱུང་འདྲ། སྡུག་ཁུར་བོའི་ཡང་སྣོན་མིན་ནམ་ཅི། ” ཞེས་སོགས་ཤོ་ལོ་ཀ་བརྒྱད་ཅན་གྱི་སྙན་རྩོམ་ཞིག་བྲིས་ཏེ་རང་སེམས་ཀྱི་སྡུག་གདུང་མཚོན་པར་བྱས་འདུག

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།