རྡོ་རྗེ་ཚེ་རིང་།
མིང་གཞན། བསྟན་པ་དང་ཚངས་སྲས་བཞད་པའི་རྡོ་རྗེ། སྐྲན། སྤྱན་ཆབ་སོགས་ཡོད། སྤྱི་ལོ་༡༩༩༠ཡས་མས་ཏེ་ཆུང་དུས་སུ་མདོ་གསུམ་ཡུལ་ཚོ་༼ཞང་༽རུ་ཡིི་གེ་འབྲི་ཀློག་གི་ས་བོན་བཏབ་པས་༢༠༠༢དང་༠༣་ནས་༼མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར༽་དང་༼ཀན་ལྷོ་ཚགས་པར༽༼གཞིས་རྩེ་ཚགས་པར༽ ༼ལྷ་ས་དགོང་དྲོའི་ཚགས་པར༽་བཅས་དང་གཞུང་སྒེར་གྱི་དུས་དེབ་ཁ་ཤས་སུ་སྙན་ངག་མ་ཡིན་པའི་སྙན་ངག་ཆལ་ཆིལ་རེ་བཀོད་ཅིང་སྦྲགས་ཁང་བརྒྱུད་དེ་འབྱོར་བའི་རྩོམ་ཡོན་གྱི་ཤོག་ལྷེ་དེ་དག་ནི་གཅིག་ལས་གཅིག་མདང་ཆེ་བར་ཉར་མྱོང་ལ། བར་དེ་ཤེད་ཅིག་ནས་རང་གི་ལས་བྱའི་ཁམས་ཁོ་ནས་སྤྱི་ལོ་༢༠༠༧ལོར་འདི་གར་བཙན་བྱོལ་དུ་བསྐྱལ་པས་དྲན་གདུང་གི་མེ་བོ་ཆེ་ཁེར་རྐྱང་གི་སྙན་ངག་ཁོ་ནས་མུ་མཐུད་གསོས།སྤྱི་ལོ༢༠༠༨ལོར་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་དགུ་བཅུ་གསུམ་ལུས་འགུལ་ཚོགས་པའི་ཚོགས་མིར་ཞུགས། སྤྱི་ལོ༢༠༠༩ནས་༼སྤྱི་ཚོགས་མེ་ལོང་༽ཚགས་པར་གྱི་དེང་བླང་གསར་འགོད་པ་བྱས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་བཀའ་དྲིན་འོག་ལོ་གཅིག་རིང་ལ་དེ་གའི་གློག་ཀླད་༼རྩིས་འཁོར༽འཛིན་གྲྭའི་སློབ་མ་བྱས། ༢༠༡༠ལོ་ནས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚགས་པར་གྱི་རྩོམ་སྒྲིག་པ་དང་དྲ་རྒྱ་དོ་དམ་པ། གསར་འགོད་པ་བཅས་ཀྱི་ལས་ཀ་བྱེད་ཞོར། ༢༠༡༡ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་སུ་ཞུགས་ནས་བོད་ཕྱི་ནང་གི་བོད་ཡིག་དྲ་བ་མང་དག་ཅིག་ཏུ་དྲ་རྩོམ་དང་དང་གསར་འགྱུར། བཅར་འདྲི་སོགས་འགོད་མུས་ཡིན་པ་བཅས་རང་ཉིད་ངོ་སྤྲོད་མདོར་བསྡུས་སུ།
གཞན། ཁོ་བོས་སྙན་ངག་ནི་སྒྱུ་རྩལ་གྱི་དཔལ་དང་དྲང་བོ་དང་སྟོབས་དང་བདེན་པའི་འཚོ་བ་དངོས་དེ་ཡིན་པར་བྱས་ན། ངས་ནི་རང་ཉིད་ཀྱི་ཆུ་ཚོད་དང་སྐར་ཆའི་རིན་ཐང་རེ་རེ་ཤོ་རྒྱག་རྒྱན་འཇོག བག་མེད་ལྷོད་གཡེང་གི་ཆུདཟོས་ཙམ་མེད་ཆེད་དུ་སྙན་ངག་འབྲི་བ་ནི་རང་ཉིད་སྒེར་བས་ལས་འགན་ཞིག་བཏང་དུ་བླངས་བ་དང་ཀུན་ནས་འདྲའོ་ཟེར།
༄༅།།༸གོང་ས༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ཁམས་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་ པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་བསྟོད་པ་བློ་དམན་སྐྲ་རྩེས་བླངས་པའི་ཐིགས་པ་ཞེས་བྱ་བ།
དམྱལ་བའི་ལྕགས་སྲེག་ལྟ་བུའི་རྒྱ་ཁྲིམས་དམར་པོ་ཞིག་གི་གྲི་ཁར་ལངས་ནས་ཡོད་པའི་ཁྱེད་ཀྱི་གཞེས་བཞུགས་བོད་འབངས་ཚོ། ཁྱེད་སྐུ་ཉི་མ་ཆེན་པོའི་འོད་ཟེར་རེ་རེས་དྲོས་ནས་ཡོད་ལ་སྐྱོར་ནས་ཡོད་པས། ཁྱེད་ནི་བོད་ཀྱིི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པའོ།། ང་ཡི༸གོང་ས་མཆོག ང་ཡི༸ཏཱ་ལའི་བླ་མ།
ཚ་བའི་དུག་རླངས་ལྟ་བུའི་འཐེན་འཁྱེར་རྫོབ་པོ་ཞིག་གི་དཔྱངས་ཐག་མགུལ་དུ་བསྐོན་ནས་ཡོད་པའི་ཁྱེད་ཀྱིི་བྱེས་འབྱོར་མི་དམངས་ཐམས་ཅད། ཁྱེད་གསུང་ཟླ་བ་དཀར་བོའི་བསིལ་ཟེར་གྱིས་བདེ་ནས་ཡོད་ལ་སྐྱིད་ནས་ཡོད་པས། ཁྱེད་ནི་ང་ཚོའི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པའོ།། ང་ཡི༸གོང་ས་མཆོག ང་ཡི༸ཏཱ་ལའི་བླ་མ།
མཚན་ལྗོངས་སྟུག་པོ་ལྟ་བུའི་མུན་པ་ནག་པོ་ཞིག་གི་ལྕགས་ཀྱུས་ཉེ་བར་བཅིངས་པའི་ཁྱེད་ཀྱི་འཛམ་གླིང་མི་མང་ཡོད་ཚད། ཁྱེད་ཐུགས་ནམ་མཁའ་ཡངས་བོའི་དཀྱིལ་འཁོར་གྱིས་འཁྱུད་ནས་ཡོད་ལ་སྲུང་ནས་ནས་ཡོད་པས། ཁྱེད་ནི་འགྲོ་བའི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པའོ།། ང་ཡི༸གོང་ས་མཆོག ང་ཡི༸ཏཱ་ལའི་བླ་མ།
སེམས་གསོན་པོ།
…… ཕྱི་ནང་གི་ཤ་རུས་དང་མཛའ་དུངས།
ཕ་ཡུལ་ཕྱོགས་ཀྱི་མགྲོན་པོས།།
སྐད་དང་སྐུར་མ་འཕྲོད་སོང་།།
ཕ་ཁྱིམ་དྲོན་མོའི་གཞི་ལ།།
འཇའ་དང་འོད་ཀྱིས་ཁེངས་སོང་།།
རི་བོ་ཧི་མ་ལ་ཡར།།
ང་ཡིས་ཕྱི་ནས་བལྟས་ཡོད།།
གངས་ཀྱི་དབུ་ཞྭ་མནབས་པས།།
ཁྱོད་ཚོའི་སེམས་པ་མཐོང་ཡོད།།
བསིལ་བསིལ་རླུང་བུས་ངོ་གདོང་འཁྱགས་ལ་སྦྱར།།
བརྩེ་བའི་ལྕགས་ཀྱུས་ང་ཉིད་ཁྱིམ་ལ་བསུས།།
དབུ་སྐྲར་བསེ་མདའ་ལྷུང་བའི་ཡབ་ཆེན་གྱིས།།
སྤྱན་གྱི་གཟི་མདངས་ང་ཡི་བྲང་ལ་བཏབ།།
མི་ཡུལ་འཁོན་གྱི་སླེ་བོ་རུ།།
རང་སྡུག་མྱངས་པ་མང་མིན་ཡང་།།
ཡིད་བྱམས་ཆེ་ཞིང་དྲིན་ཆེན་མས།།
མཆི་མའི་གཟེར་མ་གློ་བར་བརྡབ།།
འདས་མ་ད་ཡི་དཀྱིལ་འཁོར་ནས།།
ང་ཉིད་ལྷ་རུ་བཀུར་མཁན་པ།།
ནང་མི་བདུན་ཚར་གཅིག་པོ་ལ།།
ཤི་ཡང་འབྲལ་བའི་བློ་མ་མཆིས།།
བསམ་བཞིན་ས་མཐར་མ་ཡིན་ལ།།
བརྐོས་པ་ལས་ཀྱིའང་ཡིན་མིན་མོད།།
བརྩེ་བའི་ཕྱི་ཐག་བསྲིངས་སླད་དུ།།
ད་དུང་དུའང་དགོངས་ཡངས་མཛོད།།
རང་ཉིད་རང་གི་མགོན་དུ་ན།།
རང་ཉིད་རང་གི་སྐྱབས་སུ་ན།།
ང་ཡི་འདོད་པ་འགྲུབ་སླད་དུ།།
ཁྱོད་ཚོ་སྙིང་དུ་སྒོམ་སླད་དུ།།
མི་འགྱངས་ལྷན་གནས་མ་དགོངས་ཤིག།
ལྷན་དུ་འཛོམས་ན་དགའ་བ་ལ།།
མཉམ་དུ་བགད་ནའང་སྐྱིད་པ་མོད།།
མི་ལུས་དོན་ལྡན་བསྒྲུབ་སླད་དུ།།
ངས་ཀྱང་རང་ཉིད་རིང་དུ་བསྐྱེད།།
ཁྱོད་ཚོས་ཁྱོད་ཚོར་བདེ་བ་བསྐྲུན།།
མི་ཡུལ་གཡུལ་ས་གྲུ་བཞི་ནས།།
ས་མཐའ་སྡུག་གི་འཁོར་ལོ་ནས།།
རང་ཉིད་མ་ཤི་གསོན་པའང་།།
བརྗིད་དུ་རྩི་མཁན་མཆིས་མོིད་ཀྱང་།།
ངས་ནི་དེ་དོན་རིང་དུ་སྤངས།།
ལར་ཤས་སྟོབས་ནི་ཡིད་ཀྱིས་དེ།།
འགའ་ཡིས་དཔལ་ནི་ངག་གིའོ།།
ཁ་ཤས་འོད་ནི་ཕྱི་ཡི་སྟེ།།
ངས་ནི་དེ་དག་མ་ཡིན་ཏེ།།
སེམས་དང་ལས་ནི་དྲང་བོའོ།།
འདི་ནས་ཕྱིོ་ནང་དགྲ་གཉེན་མ་བྱས་པར།།
དེ་ནས་ངོ་སོ་མཐོ་དམན་མ་བསམ་པར།།
གང་དུ་གནས་ཀྱང་དྲང་པོ་མ་བཅགས་ན།།
རང་གི་ལས་ལ་འབྲས་བུར་ལྡན་པར་དུ།།
རང་གིས་བསམ་ཡང་གཞན་དུ་ཅི་ཆའོ།།
སྟོན་པའི་མཛད་པར་འཕྱ་བ་ཡོད་གྱུར་ན།།
བླ་མའི་གསུང་ངག་བཅགས་པར་བྱེད་པས་ན།།
རང་འདྲའི་ཚོགས་ལ་སྨད་པ་མཆིས་མོད་ཀྱང།།
དེ་ནི་སེམས་ཀྱིས་ངལ་བ་མ་ཡིན་ལ།།
རང་གིས་རང་འདུན་གཅེས་པ་གལ་དུ་ཆེ།།
ཡིན་ཡང་དྲན་པ་སེམས་ཀྱིས་ཏེ།།
གྱེས་པའི་སྐྱོ་གདུང་ཡང་སེམས་ཀྱིས་སོ།།
མི་སེམས་གཡོ་བ་འགག་པས་ན།།
ངས་ནི་ཅི་ཡང་འཁྱོངས་མ་ཡིན།།
ཁྱོད་ཚོས་སེམས་ཀྱང་བསད་པ་ཡིན།།
མི་འདོད་དབྱངས་ཀྱི་འགྱུར་བག་ནི།།
ང་དང་ཁྱོད་ཀྱི་མ་ཡིན་པས།།
སེམས་དང་ལས་ཀྱང་མ་འཁྱོགས་ན།།
མི་ཡུལ་གཡང་གི་ར་བ་རུ།།
ལྷན་དུ་འཛོམས་པའང་ཡོད་པར་སེམས།།
མ་སྐྱོ་མ་སྡུག་དྲིན་ཆེན་མ།།
མ་བསམ་མ་གདུང་ཡབ་ཆེན་ཕ།།
བཟོད་པར་གསོལ་ལོ་མིང་སྲིང་ཚོ།།
ང་ཡང་མི་ཆེ་མི་ཆུང་སྟེ།།
ཕོ་ལོ་སུམ་ཅུ་ཟིན་ནས་ཡོད།།
ད་ནི་ཅི་ཡང་བསམ་ནས་ཡོད།།
ཡོད་པོར་ཡོད་སྒང་ད་སྐབས་དང་།།
འཇོན་པོའི་འཇོན་སྐབས་ཀྱང་ད་ལྟའོ།།
ངས་ནི་རང་ཉིད་ཐེངས་ཤིག་ཏུ།།
རྒྱ་ཁར་བཞག་པས་ཆོག་གོ་ལོ།།
*རང་ཡུལ་ནས་ལྟོ་བར་ཕ་ཡུལ་གྱི་མར་ཕྱུར་རྩམ་གསུམ་དང་ལུས་ལ་གོན་པ་ཆ་ཚང་ད་དུང་རྨ་ལྷོ་སོག་རྫོང་གི་བོད་སྨན་༼གྲུབ་ཐོབ་རིལ་དཀར་༽དང་༼ཕོ་རྒྱུ་བདེ་བྱེད༽༼མཁྲིས་རྒྱུ་བདེ་བྱེད༽ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བརྙན་དུ་བླངས་པའི་འོད་སྡེར་༼ཉི་གཞོན་བསུ་བའི་རྒྱང་འབོད༽བཅས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ་མི་ལག་བརྒྱུད་གནས་མཆོག་རྡོར་གདན་དུ་ལག་སོན་བྱུང་པར་དགའ་སྐྱོ་འདྲེས་མའི་ཚོར་བས་བརྫིས་ཤིང་རང་ཉིད་ལ་ཤ་ཚ་སྙིང་ཉེ་ཆེ་བ་དག་གི་སེམས་དཔའ་བར་བྱ་ཕྱིར་དང་བཀའ་དྲིན་མཚོན་དོན་དུཕུལབ།
རྐང་ཤག་གཡས་པའི་ནང་ནས།། མི་ཚོ་ཡར་ལ་རྒྱུགས་ཤིང་།།
རྐང་ཤག་གཡོན་པའི་ནང་ནས།། རླངས་འཁོར་མར་ལ་བཞུད་ཅིང་།།
འཛོམས་ས་ཁ་ཁོར་ནང་ཡིན།།
རྐང་ཤག་གཡས་ནས་ཆས་ན།། སླར་ཡང་གཡོན་ནས་ཐོན་ཆོག།
པུས་མོ་རལ་བའི་ནང་ནས།། ཡང་བསྐྱར་ཕྱིར་ལ་ཐོན་ཆོག།
རྡ་ས་རྐང་སྣམ་རལ་བོ།།
བརླ་ཁུག་གཡས་ཀྱི་ས་ན།། བོད་རྒྱ་གཉིས་ཀྱི་ཇ་ཁང་།།
བརླ་ཁུག་གཡོན་པའི་ཕྱོགས་ན།། བོད་དབྱིན་གཉིས་ཀྱི་ཚོང་ཁང་།།
རྡ་ས་རྐང་སྣམ་རལ་བོ།།
གཅིན་སྒོའི་ཐད་ཀ་ཞིག་ན།། རྡ་སའི་ཆང་ཁང་ཆེན་མོ།།
བོད་རྒྱ་དབྱིན་གསུམ་འདུས་ནས།། གཅིན་པ་འདི་ལ་བཏང་འགྲོ།།
རྡ་ས་རྐང་སྣམ་རལ་བོ།།
སུག་བཅག་གཡས་པའི་མདོ་ན།། དད་པའི་ཕྱི་སྐོར་ནང་སྐོར།།
སུན་བཅག་གཡོན་པའི་མཚམས་ན།། བཙོན་སྡུག་ཁོས་མྱངས་ངས་མྱངས།།
རྡ་ས་རྐང་སྣམ་རལ་བོ།།
ཁྱོད་རང་གཡས་ནས་ཕེབས་དང་།། ང་རང་གཡོས་ནས་ཡོང་ཆོག།
རྐང་ཤག་རལ་བོ་རེ་ནས།། ཟུར་མིག་ལན་རེར་འཕངས་ཆོག།
རྡ་ས་རྐང་སྣམ་རལ་བོ།།
ཚ་བའི་དུག་རླངས་འཕྱུར་དུས། གང་ཡང་རལ་བས་སྐྱིད་པ།།
ཆར་སྨིག་ཆར་ཟླ་གྲང་དུས།། གང་ཞིག་རལ་བས་གྲང་བ།།
རྡ་ས་རྐང་སྣམ་རལ་བོ།།
བུ་མོ་མཛེས་མ་ཞིག་གི། ལྡེམ་སྟེངས་གཡོན་ནས་མཐོང་ན།།
རལ་བའི་བུ་ག་ཞིག་ནས།། ང་ཡང་གཡོན་ལ་ཐོན་ཆོག།
རྡ་ས་རྐང་སྣམ་རལ་བོ།།
སློབ་ཕྲུག་པྲ་འཆལ་ཞིག་གིས།། དགའ་བོར་དབུ་སྐོར་བཏང་ཡང་།།
རྐང་སྣམ་ཁ་ཁོར་ནང་ནས།། ཡང་བསྐྱར་གདོང་ཐུག་བརྒྱག་པ།།
ཨ་མ་ལགས།
ཆེས་ཐག་རིང་ཐག་རིང་ཞིག་ན
གློག་རྡུལ་འཕྲུལ་ཆས་་དང་ཁ་པར་གྱིས་མི་ཟིན་པའི་གྲང་རེག་གི་སོ་མཚམས་ཞིག་ན
སེམས་པུ་ཚ་བོ་ཞིག་ང་ཡི་ཆེད་དུ་ལྷོག་ལྷོག་འགུལ་བ་ངའི་ཨ་མ་རེད
མིག་ཆུ་དམར་པོ་ཞིག་ང་ཡི་ཆེད་དུ་ཤམ་ཤུམ་གཏོར་བའང་ངའི་ཨ་མ་རེད
ཆེས་ཐག་ཉེ་ཐག་ཉེ་ཞིག་ན
གློ་སྙིང་མཆིན་གསུམ་དང་རྒྱུ་མའི་ཁུགས་སོའི་ཚ་དྲོད་ཀྱི་ཡང་སྟེང་ཞིག་ན
སེམས་ལ་སེམས་བུས་ལྷོད་ཀྱིས་བྱིལ་བ་ངའི་ཨ་མ་རེད
ཚིག་ལ་ཚིག་གིས་རྟིང་ནས་བསྐྱོར་བའང་ངའི་ཨ་མ་རེད
སེམས་ཀྱི་མི་དང་གྱེས་པ།
……. སྤུན་ཆུང་དཔལ་འབྱོར་རབ་བརྟན་མི་ཡུལ་དང་གྱེས་རྗེས།
སྐྱེ་བ་ལན་གཅིག་རེདའཆི་བའང་ཐེངས་ཤིག་རེད
མི་དང་ཁོར་ཡུག་གི་འགྲོ་ལུགས་དེ་རྫོགས་རྗེསད་གཟོད
འདི་དང་ཕྱི་མ་རེད སེམས་དང་བསམ་པ་རེད ཁྱོད་དང་ང་རེད
ཡིན་ན་ཡང་རང་ཉིད་ཀྱིས་ཁ་བསྒྱུར་བྱེད་མི་སྤོབས་པའི་སེམས་དཀར་པོ་འདི
ཡིན་ན་ཡང་རང་ཉིད་ཀྱི་བརྗེད་པར་བྱེད་མི་སྤོབས་པའི་ཁྱོད་ཀྱི་སེམས་དཀར་པོ་དེ
ངས་རང་ཉིད་ཀྱི་མུན་པ་ཡོད་ཚད་ལ་ཤུགས་ཀྱིས་རྒོལ
ཁྱོད་ཀྱིས་རང་ཉིད་ཀྱི་འབྲས་བུ་ཐམས་ཅད་ལ་དགའ་མོས་སྒོམས
ད་གཟོད་མི་ཚེ་འདི་འདི་ལྟར་མཇུགས་རྫོགས་པ་དང་འདྲ་ལ
ད་གཟོད་མི་ཚེ་འདི་འདི་ལྟར་མགོ་བརྩམ་པ་དང་ཡང་ཀུན་ནས་མཚུངས
མི་ཚོགས་ལྷན་འཛོམས་ཀྱི་དབུས་ན
རང་ཉིད་ཁེར་རྐྱང་གི་ངང་ནས
ཡོད་ཚད་བསམ་གཞིག་ལ་ཁེན་པའི་ཁྱོད་དང་ང་ཡི་ལས་དབང
དོ་ནུབ་ཀྱི་ལྷ་ཟླ་ལྟར་མུན་པས་ཡོངས་སུ་བསྒྲིབས་ནའང
ངས་ད་དུང་སེམས་ཐག་གཞན་ཞིག་ཁྱོན་ནས་ཆོད་ཀྱིན་མི་འདུག
ཁྱོད་རང་མི་ཡུལ་དང་ཁ་གྱེས་པའི་སེམས་ཐག་དེ་ཁྱོན་ནས་ཆོད་ཀྱིན་མི་འདུག
ངའི་སྤུན་ཆུང་ལགས
ཡིན་ན་ཡང་དེང་སང་ང་མིའི་ཡུལ་ན་ཡོད
ཡིན་ན་ཡང་དེང་སང་ང་ལ་རང་དབང་མེད
ཡོད་ཚད་མགོ་ཁྲིད་ཀྱིས་མངག་བཀོད་ལས་འདའ་མི་ཆོག་པའི་བཅའ་ཁྲིམས་དེ་ཡིན
ཐམས་ཆད་ཁོར་ཡུག་གི་བཀའ་ཁྲོལ་ལས་བརྒལ་མི་ཆོག་པའི་བཀག་རྒྱ་དེ་ཡིན
དེའི་སྟབས་ཀྱིས་ངས་ཁྱེད་རང་མི་ཡུལ་ནས་སྐྱེལ་མ་བྱེད་མ་ཐུབ་ལ
དེའི་རྐྱེན་ཀྱིས་ངས་ཁྱོད་ཀྱི་ཆང་ཕོར་དེ་ཞབས་བཏེགས་རྒྱག་ཐུབ་མེད
ངའི་སྙིང་ཉེ་བའི སེམས་ཀྱི་སྤུན་ཆུང་ལགས
ཁྱོད་ཀྱིས་ང་ལ་ཅིས་ཀྱང་གུ་ཡངས་གཏོང་རོགས
ཁྱོད་ཀྱིས་ང་ལ་ཅིས་ཀྱང་བསམ་གཞིག་བྱེད་རོགས
ངའི་སྙིང་ཉེ་བའི སེམས་ཀྱི་སྤུན་ཆུང་ལགས
བསམ་གཞིག་རལ་བོའི་ཤེད།
རྨི་ལམ་དེ་གནའ་སྔ་མོ་ཞིག་ལ་འཇིག་སོང་ཟེར
མནར་གཅོད་ཅིག་གི་གོ་རིམས་ཡང་དེ་རིང་ནས་མེད་པར་གྱུར་སོང་ཟེར
དེ་ནི་ཕྱིར་དྲན་ཐེངས་ཤིག་གམ་བསམ་གཞིག་ལན་གཅིག་གོ
རྡོ་བའི་མཁྲེགས་ཤུགས་ཀྱིས་སེམས་པ་ཞིག་ལྗིད་ཏིག་གེར་མནན་སོང
ཟླ་བའི་དཀར་གསལ་གྱིས་མི་བུ་ཞིག་གསལ་ལྷེང་ངེར་མངོན་སོང
.....ཁ་བྱང་གི་དངན་པ་རིང་མོ།
རང་ཉིད་ཀྱི་རྡོག་སྣེ་རུ་མཆི་མ་བླུད་པའི་ལྷ་སྒྲུང་ཞིག་གི་འགོ་བརྗོད
དོ་ནུབ་ཀྱི་མུན་པ་ཇི་ལྟར་སྟུག་ནའང་གླུ་དབྱངས་ཤིག་དང་འདྲ་བར
སེམས་ངོགས་ནས་སེམས་ངོགས་གཞིན་ཞིག་གི་སྒོ་དྲུང་སྙེགས་པ
ངལ་དུབ་ལས་རང་ཉིད་ད་དུང་ཨ་ཐང་མ་ཆད་པའི་རྣམ་འགྱུར་གཞན་ཞིག་གོ
འདི་ནས་འདི་ལྟར་བསམ་པ་ཡང་དེ་ནས་དེ་ལྟར་གོ་ནུས་པའི་དམིགས་པ་བཟུང་ནས
གཞན་གྱི་འདུ་བྱེད་ལ་བསམ་གཞིག་གི་ཟུར་ཙམ་བསྟན་མྱོང་མེད་དོ
གཞན་གྱིས་ཅི་བཤད་ལ་མིག་ཟུར་གྱི་སྣེ་ཙམ་འཕངས་མྱོང་མེད་དོ
དེ་ཡང་རང་ཉིད་ནི་རང་ཉིད་ཀྱི་མགོན་དང་གཤེད་དུ་བསམ་པ་ཁོ་ན་ཡིན
དེ་ཡང་གཞན་ཞིག་ནི་ས་རྡོ་དང་རྩི་ཤིང་གི་འདྲ་རིས་སུ་སྒོམ་པ་གཅིག་པུ་ཡིན
མིའི་རིགས་ཀྱི་གསང་བ་དང་འཆར་སྒོ་ཡོད་ཚད་རྒྱང་ཤེལ་དུ་གསལ་བོར་མཐོང་དུས
ང་ནི་མ་གཞི་འཇིག་རྟེན་ཞིག་གི་སྒོ་ཁྱི་དང་མེ་དཔུང་ཞིག་ཡིན་ནམ་སྙམ་པའི་ཚོར་ཤེས་ཀྱིས་གཙབ
ཡིན་ན་ཡང བསམ་བསམ་ན་དེ་ནི་ལྷག་མ་ཞིག་མ་ཡིན་ལ་དེ་ནི་འཐོལ་བ་ཞིག་གཏན་ནས་མ་ཡིན
དེ་ལྟར་ཡོད་ཚད་ཀྱི་ནུས་ཤུགས་རང་ཉིད་ལ་ཁེན་པའི་སྟངས་སྟབས་འདི་ཡི་གཟུགས་ཀྱིས
དམིགས་བུ་མེད་པའི་སྤོ་རྨོ་དེ་དག་གི་རྣམ་ཤེས་ལ་ཡོངས་སུ་མུན་པ་བླུད
གོ་ཚོར་མེད་པའི་རྡོ་དབང་བ་དེ་དག་ལ་ཆོས་ཉིད་ཀྱི་འགྲམ་ལྕགས་ཡང་ཡང་གཞུས
ཡིན་ན་ཡང ངས་བདེན་པ་ཉག་གཅིག་ཆེད་དུ་རང་ཉིད་ཀྱི་རྒྱབ་གཞོང་དུ་མི་ཁའི་མདའ་མོ་བླངས
མི་ཚོས ང་ཡང་འཇིག་རྟེན་གཞན་ཞིག་གི་སྐུ་མགྲོན་ལྐོག་གྱུར་བ་དེ་རིགས་སུ་སྒོམ་ནའང
དེ་ནི་མ་གཞི་ནས་བསམ་མ་མྱོང་བའི་སྡུག་དམེ་ནག་པོའི་རིགས་ཞིག་མིན་པས་ངས་ཅི་ཡང་མ་བསམ
དུས་དེ་ནས ང་རང་འཇིག་རྟེན་འདིའི་རྟེན་འབྱུང་ལ་ཡིད་ཆད་དང་ཞེ་མེར་ཡང་ཡང་ལངས
ང་ཡིས་མུན་ནག་འདིའི་མནར་གཅོད་ལ་ཁོང་དགོད་དང་མཆི་ཞགས་ཡང་ཡང་ཤོར
དེ་ནི་ལྷ་སྒྲུང་འདིས་མཇུག་བྱང་མ་ཡིན་ལ་གནམ་གཤིས་ཤིག་གི་འགྱུར་ལྡོག་ཀྱང་གཏན་ནས་ཡིན་མི་སྲིད
མི་ཡུལ་གྱི་སྤང་དུ་གོམ་པ་དང་པོ་སྤོས་པའི་ཉིན་མོ་ཐོག་མ་དེ་ནས་བཟུང
ངས རང་ཉིད་ཅེས་པ་འདི་མི་བུ་རེ་རེའི་མགོན་དང་ཞབས་ཟུང་ཡིན་པར་གླེང་ནའང
ཡིད་ཆེས་ཀྱི་སྤྱན་ཤེལ་ཧ་ཅང་མཐུག་པའི་བོད་པ་འདི་ཚོས་ད་དུང་ཁ་མ་ཎི་དང་ལག་ཕྲེང་བ་རེད
དེ་དུས་ངས་རང་ཉིད་ལ་སེམས་གསོ་ཆུང་ངུ་ཞིག་གིས་རང་མགོ་རང་གིས་གཡོགས
ག་ལེར་བསམ་བསམ་ན་དེ་ནི་སྟས་དབང་གི་རྒྱལ་ཁ་ཐེངས་ཤིག་རེད་ལ
དགོས་དབང་གི་རྣོ་བསམ་ཐེངས་ཤིག་ཀྱང་ཡིན་པ་རེད་འདུག
མི་ལོ་མང་པོ་ཞིག་བསམ་གཞིག་དང་རྒྱུས་ལོན་ལ་ཡང་ཡང་སྦྱར་ན་ད་གཟོད་ཤེས་ཡོང
ཚོར་ཤེས་ཕྲ་རགས་ཡོད་ཚད་སྲུབ་བརྡར་གྱིས་ཡང་ཡང་གླན་ན་ད་གཟོད་མཐོང་ཡོང
འདོད་པའི་ཞེ་སྡང་ལ་ཆགས་སྲེད་ཀྱི་ལྕེ་ལྡག་ཡང་ཡང་བྱས་ཞིང་།
འཁུན་པའི་ཟ་ཟི་ལ་ན་ཟུག་གི་སོ་འབྲད་དང་སེན་འབྲད་བྱས་མཐར།
ད་གཟོད་ང་ཡི་ཕོ་མཚན་ཀྱིས་ན་ཆུང་མ་སུ་ཞིག་དམར་ཧྲེང་དུ་ཐེག་སྣང་སྐྱེས་མོད་།
ཕུར་མཉེད་དང་འཇིབ་ལྡག་གི་ལེའུ་སྙན་མོས་ང་ཉིད་ཞིང་ཁམས་གཞན་ཞིག་ནས་སྦྲིད་པར་བཏང་།
ལུས་པོ་རྔུལ་ནག་གིས་བརླན་ཞིང་བརླ་བར་ཚ་དྲོད་ཀྱིས་སྲེག་དུས་ངའི་འཕོངས་ཤ་འདི།
ད་དུང་བཙུར་ཞིང་ད་དུང་གཅོད་ལ་ཁད་ཀྱིས་སྐད་གདངས་ལ་འདར་ཆ་དོད་ཅིང་སྣ་རྩེ་རུ་བསིལ་བ་འཐོར།
ཁོ་མོའི་དབུགས་རྒྱུན་ནང་དུ་འདར་ལ་བརླ་ཤ་ཕྱི་རུ་འདར།
ང་ཡི་འཕོངས་ཚོས་ཕྱི་རུ་འདར་ཞིང་ཕོ་མཚན་ནང་ན་འདར།
དེ་ལྟར་ ཡོད་ཚད་རྔུལ་ཆུ་ཡི་འདར་འདར་རྗེས འཁུན་སྒྲ་ལས་དངངས་དངངས་རྗེས།
ཁོ་མོས་གློ་བུར་དུ་ང་ལ་ ད་མི་དགོས་ཟེར་ང་རང་འགྲིག་སོང་ཟེར།
ངས་མུ་མཐུད་ནས་ ལྕེ་ལ་ལྕེ་ཡིས་ཉུག་ཅིང་སྐེ་ལ་ཉུག འོ་འཛིན་ལྕེ་ཡིས་ཉུག་ཅིང་གྲོད་པར་ཉུག
ངས་མུ་མཐུད་ནས་ བྷ་གར་མཇེ་ཡིས་ཉུག་ཅིང་རྐུབ་ལ་ཉུག བརླ་ཤར་མཇེ་ཡིས་ཉུག་ཅིང་རྐང་རྩེར་ཉུག
སླར་ཡང་ཁོ་མོས་མུ་མཐུད་དུ་ འགྲེ་ལྡོག་གི་མགོ་རྐུབ་ཉུག་ཅིང་ང་ཡི་སྐེ་ལ་འཐམ་ཞིང་རྐུབ་ལ་འཁྱུད།
ང་ལ་ད་དུང་དགོས་ཤིང་ང་ལ་ཤུགས་ཀྱིས་དགོས་ཟེར ང་ཡི་གཏིང་དུ་ཟ་ཞིང་ང་ཡི་ཁ་རུ་འཕྲུགས་ཟེར།
འཁུན་སྒྲ་དངངས་ཞིང་འདར་ཏེ་ཇེ་མཐོ་ཇེ་མཐོ ཕོ་མཚན་མཁྲེགས་ཤིང་འགྲེང་སྟེ་ཇེ་ཆེ་ཇེ་ཆེ།
ཨ་ཚ་ཚ་ལྷོད་ཀྱིས་བྱོས ད་ལྟ་སྐྱིད་མགྱོགས་ཀྱིས་བྱོས ཁོ་བོས་ཀྱང་ཅི་ཞིག་འཆོར་གྲབས་དང་ལུས་སེམས་སྤྲིད་གྲབས།
ཁོ་མོས་ཡར་ལ་མགྱོགས་མྱུར་གྱིས་གཏད་ཅིང་ང་ཡིས་མར་ལ་སྟོབས་ཤུགས་ཀྱིས་བརྡབས་བརྡབས་ནས།
ངས རང་ཚོད་བཟུང་ཞིང་ངལ་གསོ་ཐེངས་ཤིག་གི་ཚབ་ཏུ་གློ་བ་དང་གློ་བ་གླན་དབུགས་ཀྱི་འབྱིན་རྔུབ་བསྲེས་དུས།
ཡང་བསྐྱར་ཁོ་མོ་ག་ལེར་འདར་ཞིང་འཁུན་སྒྲ་ལྷོད་ཀྱིས་འཁྱིལ འཕོངས་ཚོས་ཡང་ཡང་ཉུག་རྗེས་ད་འགྲིག་སོང་ཟེར།
ཁྱོད་ཀྱིས་དཀའ་ལས་ཁག་སོང་དགོངས་དག་ཟེར ང་བདེ་བོ་བྱུང་སོང་ད་ཧ་ཅང་འགྲིག་སོང་ཟེར།
ཡིན་ན་ཡང་ ངས་ད་དུང་ཅི་ཡང་ཤོར་མེད་པས་ང་རང་འོག་ནས་ཡར་དང་ཁོ་མོས་སྟེང་ནས་མར་ལ་སྐོན།
ངལ་གསོའི་སྐར་ཆ་རེ་རེས་འདོད་རྔམ་ཆེ་རུ་བཏང་ཞིང་རྔུལ་ནག་ཁོལ་ཏུ་བཅུག
ང་རང་བདེ་སོང་དང་འགྲིག་སོང་རེ་ལ་འོག་ནས་གཏད་ཅིང་ཤུགས་ཀྱིས་སྤྲད་པས།
གཡའ་ཆུ་དྭངས་མོ་ཞིག་ང་ཡི་རླིག་རྩིད་དུ་བཞུར་ཞིང་མོ་མཚན་དུ་ཡང་བསྐྱར་ཚ་དྲོད་གཞན་ཞིག་ཁོལ།
ལན་རེར་སོ་ལ་སོ་གཏད་ཅིང་ལན་རེར་འདོམ་ལ་འདོམ་གྱིས་ཉུག་པས་སེན་འབྲད་དང་ལག་ཤུགས་ཇེ་ཆེ་ཇེ་ཆེ།
མཚམས་རེར་ལྕེ་ལ་ལྕེ་གཏུགས་ཤིང་ལུས་ལ་སོ་བཏབ་པས་འཁུན་སྒྲ་དང་ངུ་ཤུམ་ཇེ་མཐོ་ཇེ་མཐོ།
སྐབས་འགར་རྣ་བ་གཞིབས་ཤིང་སྐྲ་ནས་དཔྱངས་པས་ད་ཤོག་དང་ད་དགོས་ཀྱི་དངངས་འདར་མཐོ་རུ་མཐོ་རུ།
ངའི་ཕོ་མཚན་གྱི་མགོ་ནས་རླིག་རིལ་དང་བརླ་བར་ཡོད་ཚད་ལ་ཚ་བོ་ཚུབ་ཚུབ་དང་དྲོད་རླངས་ཐུལ་ཐུལ་གྱིས།
རོགས་ཆུང་ལོ་སུ་ཞིག་གི་སེམས་པ་ལས་དྭངས་པའི་གཅིན་པ་ཚ་བོ་དེ་འདོད་བདེའི་བཟི་ནས་ཡང་ཡང་སྐྱུག
ནམ་ཞིག་དབུགས་ཀྱི་རྒྱུ་བ་རིང་མོ་གཉིས་ག་ལེར་ག་ལེར་དེ་རིང་གི་དམག་འཐབ་ལས་རྒྱལ་བ་ལྟར།
ཁ་བརྡ་ཤབ་ཤུབ་ཅིག དགོད་ཁ་ལྷོད་ལྷོད་རེ ལུས་ལ་བཀོད་པའི་བདེ་སྟོབས་དཔག་མེད་དེའི་སྔུར་སྒྲ་ལྡིར་ལྡིར།
རྨི་ལམ་དུའང་མི་ལུས་ཀྱི་བདེ་སྟོབས་དཔག་མེད བདེ་སྟོབས་དཔག་མེད་དེ་ཡང་ཡང་བསྡོ་བཞིན།
གློག་སྒྲོན་སྤར་རོགས།
…… བརྩེ་གྲོགས་མ་ལྷ་སྒྲོལ་དང་གཡང་སྐྱིད་གཉིས་ཀྱིས་རྨང་བཏིང་ཞིང་རང་རིགས་མ་ཡུམ་དག་གི་ཚབ་ཏུ་བྲིས་པ།
མུན་ནག་ལས་ཁྱོད་ཀྱི་འཁུན་སྒྲ་ཁོ་ནས་ང་ལ་ཅི་ཡང་མི་རག་པས
མུན་ནག་ལས་ཁྱོད་ཀྱི་རྡེབ་གསིག་གཅིག་པུས་ང་རང་ཅི་ཡང་མི་ཚིམ་པས
ངས་ཁྱོད་ཀྱི་བྱད་བཞིན་གྱི་ཆགས་ཉམས་དེར་ཡང་ཡང་བལྟ་དགོས
སྙིང་ཉེ་ལགས ང་ལ་གློག་སྒྲོན་སྤར་རོགས།
མཆུ་སྦྱོར་དང་འཐམ་འཁྱུད་ཀྱི་གཡོ་འགུལ་སེམས་སུ་ཟུག་ནའང
འཕུར་མཉེད་དང་འདར་གསིག་གི་ལྕེ་རྩེ་གང་སར་ཉུག་ནའང
ང་ཡིས་ཁྱོད་ཀྱི་མིག་མདངས་ཀྱི་དྭངས་མ་དེ་མཐོང་དགོས་ཡོད
སྙིང་ཉེ་ལགས ང་ལ་ཁྱོད་ཀྱི་སྤྱན་ཟུང་གི་གློག་སྒྲོན་སྤར་རོགས།
ཁྱོད་ཀྱི་ལག་ཟུང་གིས་ང་མྱོས་བུམ་ཕུར་ཙམ་ཕུར་ཙམ་གྱི་བདེ་བ་དེ
ཁྱོད་ཀྱི་ཤ་རྒོད་དག་ང་ཡི་གང་སར་རེག་ཙམ་རེག་ཙམ་གྱི་བདེ་བ་དེ
ང་ཡི་ཤ་ཚིལ་དག་གི་བར་གསེང་ན་རྒྱུ་བའི་བདེ་བ་དེ་ལས་ཀྱང
སྙིང་ཉེ་ལགས ང་ལ་ཁྱོད་ཀྱི་སེམས་པའི་གློག་སྒྲོན་སྤར་རོགས
འཁྲིག་སྤྱོད་ཀྱི་བདེ་བ་དེ་ཤ་རུས་ཀྱི་ཚ་སྦྲིད་ཅིག་ཡིན་ཙ་ན
འཁྲིག་སྤྱོད་ཀྱི་བདེ་བ་དེ་ལུས་སེམས་ཀྱི་ཚོར་ཤེས་ཤིག་ཡིན་ཙ་ན
ངའི་དམར་ཧྲེང་གི་ལུས་སེམས་གཅེར་རྒྱུའི་ངོགས་སུ
སྙིང་ཉེ་ལགས ཁྱོད་ཀྱི་དགའ་དུང་གི་གློག་སྒྲོན་ནམ་ཡང་མ་ལྷོད་ཅིག
རྐྱེན་དེ་དག་གིས།
རང་དབང་གི་ཤོག་བྱ་གཏོང་བ་ནི་རྩེད་འཇོ་ཞིག་ག་ལ་ཡིན
རྨི་ལམ་ལས་གཞས་ཆུང་ཤོར་བའང་རྩེད་འཇོ་ཞིག་ག་ལ་ཡིན
སྡུག་ཡས་ཀྱིས་མནན་པའི་ས་གཞི་དང་ནམ་མཁའ
སྤྲང་ཚོགས་ཀྱི་གོམས་སྟབས་དང་མཆི་མའི་ལྗིད་ཤུགས
ང་ནི་འདི་ཡིས་སྒུལ་ཅིང་འདི་ཡིས་བཅིངས་བས་རེད།
མི་ཡུལ་ནས་་སྨྲེ་ངག་རྐྱང་རྐྱང་འདོན་པའང
མི་སེམས་ཀྱི་ན་ཟུག་རྐྱང་རྐྱང་གླེང་བའང
སུ་ཞིག་ལ་ཁ་ཆད་བྱས་པའི་སྐྱིན་ཚབ་དང་སྐྱེད་ཀ་ག་ལ་ཡིན་མོད
མིག་ཆུ་ཐེངས་མང་ཤོར་བའི་ལོ་ཟླ་དང་མུན་པས
ང་ཚོ་ཡང་ཡང་བཅོམ་ཞིང་ཡང་ཡང་བཅག་པས་རེད
གོམ་ཁ་སྒྱུར་སྟངས་ཀྱི་གདུག་རྩུབ་དང་ངར་ཤུགས་རེ་རེའང
མི་སེམས་ཀྱི་རང་ལ་དྲིས་པའི་ཁམས་འདྲི་ཐེངས་ཤིག་དང་འདྲ་མོད
མི་ཡུལ་ནས་སེམས་གཅོང་གི་འགོས་ནད་ནག་པོ་དེས་རྐྱེན་པས
འཚོ་བའི་མངར་ཁ་དང་རི་སྐྱིབས་ཀྱི་དྲོད་འཇམ་ཡོད་ཚད
ཁ་སང་གིས་བསད་པའི་ཞིང་ཚིགས་དེའི་ལོ་ཏོག་ནང་བཞིན
ང་ཚོ་སུ་ཡང་ཁུ་སུམ་མེར།སྐྱ་ཆག་ཅིལ་ལེར་གནས་ཡོད
16/09/2011
གོད་ཀ ༼གཞས་ཚིག་ཅིག༽
........ ཁ་བདེ་སྡུག་ལ་འབྱར་བའི་བྲན་འབངས་དེ་དག་ལ།
དགོང་ཨ་སྔོན་སྤྲིན་པས་བཀང་སོང་། མུན་པས་གཡོགས་སོང་།
ས་དོག་མོ་བཙན་གྱིས་མནན་སོང་། སྡུག་གིས་ཁེངས་སོང་།
ང་བུ་ཆུང་སྐྱོ་བས་མནར་སོང་། ས་མཐར་འཁྱམས་སོང་།
མི་ཡུལ་ན་མཛེས་སྡུག་མེད་པ་ཅི་ཡིན།
མིའི་རིགས་ལ་འཛུམ་མདངས་མེད་པ་ཅི་ཡིན།
བུ་ཆུང་ངར་དགོད་སྒྲ་མེད་པ་ཅི་ཡིན།
ང་ཡི་མིའི་རིགས་ལགས། བློ་གསལ་མིའི་རིགས་ལགས།
འཇིག་རྟེན་འདི་དྲང་པོ་མ་རེད། ཀྱག་ཀྱོག་མང་སོང་།
མིའི་རིགས་འདི་བདེན་པ་མ་རེད། འགྱུར་ལྡོག་རྒོད་སོང་།
གཞས་ཆུང་འདི་སྙན་པོ་མ་རེད། སེམས་རྩ་འཁྱགས་སོང་།
ཞི་བདེ་དང་ཞི་བདེ་གསུང་དོན་གང་ཡིན།
དྲང་བདེན་དང་དྲང་བདེན་གླེང་དོན་ཅི་ཡིན།
འཆམ་མཐུན་དང་བདེ་སྐྱིད་རྩ་བ་ཅི་ཡིན།
ང་ཡི་མིའི་རིགས་ལགས། བསམ་ཤེས་མིའི་རིགས་ལགས།
བོད་པ་དེ་འདྲ་རང་ད་ཨེ་ཡིན་ན།།༼གཞས་ཚིག་ཅིག༽
སྲོག་གཅོད་གཞི་བྱས་མ་བྱིན་མི་ཚངས་སྤྱོད།།
ནམ་རྒྱུན་སྤང་དགོས་ཟེར་བའི་ནང་པ་ཚོ།།
དམར་ཟས་རྒྱུན་ཆད་མེད་པའི་ནང་པ་ཚོ།།
སྟོན་མཆོག་དམ་པ་དེ་རིང་བཞུགས་རྒྱུ་ན།།
ནང་པ་དེ་འདྲ་རང་ད་ཨེ་ཡིན་ན།།
རང་བཙན་གཙང་མ་རྩོད་པའི་བོད་པ་ཚོ།།
གཞིས་བྱེས་ལྷན་འཛོམས་ཟེར་བའི་བོད་པ་ཚོ།།
ནང་མི་དམར་གསོད་གཏོང་བའི་བོད་པ་ཚོ།།
ཆོས་རྒྱལ་མེས་དབོན་རྣམ་གསུམ་བཞུགས་རྒྱུ་ན།།
བོད་པ་དེ་འདྲ་རང་ད་ཨེ་ཡིན་ན།།
ལག་ལ་ཕྲེང་བ་ཐོག་པའི་བོད་པ་ཚོ།།
ཁ་ན་མ་ནི་སྐྱོར་བའི་བོད་པ་ཚོ།།
ཁ་བདེ་མགོ་ཡངས་འཁྲབ་པའི་བོད་པ་ཚོ།།
མེས་པོ་དམ་པ་དེ་རིང་བཞུགས་རྒྱུ་ན།།
བོད་པ་དེ་འདྲ་རང་ད་ཨེ་ཡིན་ན།།
*ཁ་ནས་སྤྱི་དོན་གླེང་བའི་བོད་པ་ཚོ། །
དོན་དུ་སྒེར་དོན་གཉེར་བའི་བོད་པ་ཚོ། །
ནང་ཁུལ་རྙོག་ཟིང་བཟོ་བའི་བོད་པ་ཚོ། །
མི་སེམས་དྲང་མོ་ཚ་བོར་གནས་གྱུར་ན།།
བོད་པ་དེ་རང་ད་ཨེ་ཡིན་ན།།
*ཤོལ་ཀ་ཐ་མ་སྤྲུལ་སྐུ་ཐུབ་བསྟན་ནོར་བུས་མཆན་བསྒྱུར་བཅོས་ཀྱིས་འདིར་དྲངས་པ་ཡིན།
2012.01.10ཉིན།