༄༅།།གངས་ཅན་བོད་ཀྱི་རེ་སྨོན་མ་ལུས་པ། །གངས་ཅན་མགོན་པོར་བཅོལ་བའི་ཚུལ་བསམས་ནས། །ལྷ་མོ་སྐྱབས་ཀྱི་ལུས་ངག་ཡིད་གསུམ་ཡང། །ལྷ་མོ་དོན་གྲུབ་དོན་བྱ་འགྲུབ་སླད་འབུལ། 

       ཕ་ཡུལ་གྱི་ཆེད་དུ་ཕ་ཡུལ་དོར་ཅིང། རང་དབང་གི་སླད་དུ་གཞན་དབང་ལས་གྱར་བའི་འཁྱམ་པོ་བདག སྤྱན་ཟུང་ཕྱག་ཟུང་གི་སྤྱན་རས་གཟིགས་དབང་འདི་ལས་ཡིད་ཆེས་དང་རེ་བ་བཅོལ་ས་དཀོན་ལ།  འདི་ལས་བྱམས་བརྩེས་རྗེས་སུ་འཛིན་མཁན་ཡང་དཀོན། འདི་ལས་སྙིང་ཉེ་དང་སྲི་ཞུ་སྒྲུབ་ས་ཡང་དཀོན། དེ་བས། ༑མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །ཅེས་པའི་ཁོང་གི་བཀའ་རྩོམ་ཞལ་གདམས་ཀུན་འདུས་ཀྱི་དགོངས་དོན་ལྟར་བདེན་དོན་ལ་སྐྱབས་བཅོལ་ཅིང་འཚེ་མེད་ཀྱི་ལམ་བུར་ཆས་ཏེ། དོན་གཉིས་ཀྱི་ནོར་བུ་འཚོལ་རྒྱུར་ནམ་ཡང་ཕྱི་བྱོལ་མེད། ཕུགས་འདུན་རིང་བོ་ཞིག་དང་བསམ་གཞིགས་ཟབ་མོ་ཞིག་གི་ཚོར་སྣང་འདི་དག་སྙུག་རྩེ་ནས་ཤོག་ངོས་དང་གློག་འཕྲུལ་གྱི་དྲ་ངོས་འདི་རིགས་བརྒྱུད་དེ་གང་དང་གང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ནི་བདག་གི་རེ་བ་དང་འོས་འགན་ལགས།

      ང་རང་ཕ་ཡུལ་དང་རྒྱང་ཐག་རིང་མོད། སེམས་པ་ནམ་ཡང་ཕ་ཡུལ་དང་འབྲལ་མྱོང་མེད། ངའི་ཕ་ཡུལ་ནི་གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཏེ། མི་ཡུལ་གྱི་བདེ་བ་ཅན་ཡིན། དེ་ནི་ང་རང་སྐྱེ་ས་ཡིན་ལ་འཆི་ས་ཡང་ཡིན་པའི་སྨོན་ལམ་འདེབས་ཀྱིན་ཡོད།

       ཀྱེ། འདི་ནི་ངའི་བྲང་ཁོང་ནས་འཁྲུངས་པའི་བུ་སྟག་ལོ་བ་ཡིན་ལ། བུ་མོ་ཨ་སྟག་ལྷ་མོ་ཡང་ཡིན། ཕེབས་ཤོག མཛེས་སྡུག་གི་རྨི་ལམ་སྙེག་མཁན་དང། དབྱངས་གསལ་གྱི་བདག་པོ་རྣམ་པ། ངའི་སྐུ་མགྲོན་ལ་ཉེ་རིང་མེད་ལ། ངའི་བསུ་བ་ལ་སྔ་གཞུག་མེད། ངའི་སྟག་ལོ་བས་ཁྱེད་ཅག་ལ་ལོ་གསར་གྱི་བསུ་སྟོན་བཤམས་ཡོད། ཁྱེད་ཀྱིས་ཀྱང་ལོ་སྐལ་ཞིག་གི་ཚུལ་དུ་བཞེས་རོགས། ༼ན་ནིང་ལོ་གསར་ལ་དྲ་སྒོ་གསར་འབྱེད་དུས་ཀྱི་བསུ་ཚིག༽

 

 

Write a comment

Comments: 18

  • #1

    བསོད་ནམས་བཟང་པོ། (Friday, 24 September 2010 07:42)

    རྒན་ལགས། སྐུ་ཉིད་ཀྱི་དྲ་ཚིག་མཇལ་བར་དགའ་སྤྲོ་ཆེ། དུས་གཏན་དུ་བདག་གི་མཁའ་དབྱིངས་ན་ཉི་མ་བཞིན་བརྟན་པར་བཞུགས།

  • #2

    བསོད་ནམས་བཟང་པོ། (Friday, 24 September 2010 07:49)

    མཇལ་བར་དགའ་སྤྲོ་ཆེ།

  • #3

    arapala (Saturday, 30 October 2010 19:25)

    མཆོག་ཉིད་ཀྱིས་དྲ་རྒྱ་དེ་ལ་རྗེས་སུ་ཡི་རིང་ཞུ་བ་ཡིན།

  • #4

    jamyang (Sunday, 31 October 2010 15:39)

    མཇལ་བར་དགའ་སྤྲོ་ཆེ།

  • #5

    ལྷ་སྐྱེས་སྨྱུག་དགའ། (Tuesday, 21 December 2010 16:27)

    རྒན་ལགས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་སྐུ་ཉིད་ཀྱི་ཁ་པར་ཨང་གྲངས་བདག་ལ་བསྐུར་གནང་ཡོད་པ་ཞུ་ཕྲན་གྱི་ཁ་བྱང་ནོ་penposamdup@yahoo.com ཡིན།

  • #6

    ལྗང་མྱུག་རྩོམ་སྒྲིག་པ (Wednesday, 26 January 2011 11:05)

    མཇལ་གྱིན་ཡོད་ལགས

  • #7

    གཡུ་སྒང་ཕོ་ཉ (Saturday, 05 March 2011 05:22)

    གནམ་ལོ་གསར་བའི་ནང་ལ་བྱ་བཞག་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།

  • #8

    གསང་གྲོལ། (Tuesday, 05 April 2011 19:30)

    རྒན་ལགས་འདི་ནས་མཇལ་བ་སྤྲོ་བྱུང་།

  • #9

    རོང་བསོད་ནམས་ནོར་འཛིན (Wednesday, 06 April 2011 20:18)

    ཐུག་རྗེ་ཆེ་ལགས

  • #10

    བཀྲས་རབ་ནོར་བུ་ཚེ་རིང་། (Tuesday, 19 April 2011 16:55)

    རྒན་ལགས་དུས་གཏན་དུ་ཁྱེད་ཀྱི་གསར་རྩོམ་གྱི་བྱ་བཞག་གང་ཞིག་ཡིན་ཀྱང་ལེགས་སྒྲུབ་ཡོང་བའི་རེ་སྨོན་བྱེད་བཞིན་ཡོད།

  • #11

    འཇམ་དཔལ་ཚུལ་ཁྲིམས། (Thursday, 21 April 2011 17:56)

    ཡག་པོ་འདུག བཀྲ་ཤིས་བདེ་ལེགས་ཞུ།

  • #12

    porokarpo (Thursday, 28 April 2011 13:03)

    thanks 4 ur wonderfull websidte.

  • #13

    lob sang zopa (Tuesday, 10 May 2011 19:45)

    བལ་ཡུལ་

  • #14

    ལྡོག་རྗོད་པ། (Monday, 22 August 2011 13:12)

    དབྱངས་ཅན་སྒྱུ་འཕྲུལ་དྲ་བའི་རྩོམ་སྒྲིག་པ་ལྷན་རྒྱས་ལགས། ཡིག་མགོར་རིན་ཆེན་སྤུངས་ཤད་འབྲི་བ་དང་ཤད་འབྲི་བ་ནི་མཁས་དབང་སུ་ཞིག་གམ་བརྡ་སྤྲོད་གང་གི་ལུགས་རེད། ༼དཔེར་ན། དྲྭ་ངོས་འདིའི་།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག
    །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།
    །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག
    །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།
    ཅེས་པའི་ཚིག་བཅད་འདི་དག་གི་དབུར་ཤད་བཀོད་འདུག་པ་དང་། ༑ ཡིད་བཞིན་ནོར་བུ་ཚང་། ཞེས་པའི་དབུར་རིན་ཆེན་སྤུངས་ཤད་བཀོད་པ་ལྟ་བུ་ལ་ཟེར་བ་ཡིན། ༽

  • #15

    དཔལ་ལྡན་རྡོ་རྗེ། (Tuesday, 23 August 2011 06:07)

    ཁྱེད་ཀྱི་ཤེས་རབ་ཀྱི་རྒྱ་མཚོའི་གཏིང་མཐའ་མི་མངོན་ཡང། ཁྱེད་ཀྱིས་རླབས་སྒྲ་ལ་དུས་རྒྱུན་ཉན་ནས་ཡོད།

  • #16

    འོད་ཟེར། (Tuesday, 06 September 2011 14:06)

    དགེ་རྒན་དུས་ཆེན་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

  • #17

    སྤྱན་ཆབ། (Tuesday, 04 October 2011 21:33)

    རྒན་ལགས་ཀྱིས་བྱ་བཞག་ཡར་ཚེས་དང་ལྷག་བསམ་དང་མི་གཞི་དཀར་པོར་རྒྱང་ནས་སྨོན་ཡོད།

  • #18

    dorbe dawatsering (Saturday, 05 November 2011 11:22)

    རྒན་ལགས་ ཐུགས་རྗེ་ཆེ

  • loading

Write a comment

Comments: 1

  • #1

    རྩམ་ཁུག (Wednesday, 14 December 2011 17:09)

    བཀྲིས་བདེ་ལེགས། རྩམ་ཁུག་གིས།

  • loading

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།